Biblia Todo Logo
Bìoball air-loidhne

- Sanasan -

ལུ༌ཀ༌ 24 - Ladakhi


གཙོ༌བོ༌ ཡེ༌ཤུ༌ སྐུ༌ སོན༌ཏེའ༌ ཞངས༌། 24:1-12

1 ཟ༌ཉི༌མའེ༌ ཞག༌ག༌ ང༌མོ༌ ཟང༌ཟིང༌ནེ༌ བུ༌མོ༌གུན༌ གྲལ༌གྲིག༌ ཅོས༌ཁན༌ནི༌ ཏྲི༌ཞིམ༌ཅན༌ མར༌ དང༌ མར༌ནག༌ ཁུར༌ཏེ༌ སྤུར༌ཁང༌ངི༌ དུན༌ལ༌ ལེབ༌བ༌ཅིག༌,

2 སྤུར༌ཁང༌ང༌ ཀབས༌ཏེ༌ ཡོད༌ཁན༌ནི༌ ཁར༌རྡོ༌བོ༌ ཐེན༌ཏེ༌ ཐོང༌།

3 ཁོང༌གུན༌ སྤུར༌ཁང༌ངི༌ ནང༌ང༌ ཞུགས༌ས༌ཅིག༌ གཙོ༌བོ༌ ཡེ༌ཤུའི༌ སྤུར༌ མ༌ཐོང༌།

4 ཁོང༌ ཧན༌པན༌ སོང༌ཏེ༌ འི༌ སྐོར༌ལ༌ སམ༌ཨིན༌ ཡོད༌ཏུས༌ ཧུན༌མེད༌ལ༌ མ༌ ལྡང༌ཤན༌ ཀོས༌ལག༌ གོན༌ཁན༌ནི༌ མི༌ ཉིས༌ ཁོང༌གུན༌ནི༌ དུན༌ལ༌ ཞངས༌ཏེ༌ ཞུགས༌།

5 སྲན༌ཏྲེ༌ ཇིགས༌པ༌ བུ༌མོ༌གུན༌ནི༌ གོ༌ སྒུས༌ཏེ༌ སའ༌ ལྟས༌, ཨིན༌ནའང༌ ཁོང༌ ཉིས༌ཀོའེ༌ ཁོང༌གུན༌ལ༌ མོལས༌, “ཁྱོ༌ཞའེ༌ ཤི༌ཁན༌གུན༌ནི༌ ཕྲོའ༌ སོན༌ཏེ༌ ཅིའ༌ ཙལ༌ལད༌?

6-7 ཁོང༌ འི༌ཀ༌ མེད༌, ཁོང༌ སོན༌ཏེའ༌ ཞངས༌ཏེ༌ ཨིན༌། གཱ༌ལིལ༌ལིའི༌ ཡུལ༌ཇོངས༌སི༌ ནང༌ང༌ ཡོད༌ ཟ༌ནེ༌ ཁོང༌ངི༌ ཁྱོ༌ཞའ༌, ‘མི༌རིགས༌སི༌བུ༌ སྡིག༌ཅན༌གུན༌ནི༌ ལག༌ག༌ སྟད༌ཏེ༌, རྐྱང༌ཤིང༌ངི༌ཀ༌ རྐྱང༌ཨིན༌ ཡང༌ ཞག༌ སུམ༌པའེ༌ ཞག༌ག༌ སོན༌ཏེའ༌ ལང༌ང༌ ཛད༌ཨིན༌’ མོལ༌ཁན༌བོ༌ ཨིད༌ཏུ༌ ཅོས༌།’”

8 ཏེ༌ནེ༌ ཁོང༌གུན༌ལ༌ ཁོང༌ངི༌ མོལ༌ཁན༌གུན༌ ཨིད༌ཏུ༌ ཡོངས༌།

9 སྤུར༌ཁང༌ནེ༌ ལོགས༌ཏེ༌ ལེབ༌བ༌ཅིག༌ སྐུ༌ཚབས༌ ཅུག༌ཤིག༌ དང༌ ཞན༌ ཚང༌མ༌ལ༌ ཇུང༌ཁན༌ ཚང༌མ༌ ཤདས༌།

10 སྐུ༌ཚབས༌གུན༌ལ༌ ཏེ༌ ལོན༌ ཁྱོང༌ཁན༌གུན༌ མིར༌ཡམ༌ མག༌དལ༌ལ༌མ༌, ཡོ༌འན༌ནཱ༌ དང༌ ཡ༌ཀོབ༌བི༌ ཨ༌མ༌ མིར༌ཡམ༌ དང༌ ཁོང༌ངི༌ ཕྲོ༌པ༌ བུ༌མོ༌གུན༌ ཨིན༌པིན༌།

11 ཏེ༌ སྤེ༌ར༌གུན༌ ཏོན༌མེད༌ ཚོར༌པ༌ ཁོང༌གུན༌ནི༌ ཨིད༌ཤེས༌ མ༌ཅོས༌།

12 ཨིན༌ནའང༌ པི༌ཏྲར༌ ལངས༌ཏེ༌ སྤུར༌ཁང༌ང༌ གྱུགས༌ཏེ༌ སོང༌, སྒུས༌ཏེ༌ ལྟས༌པ༌ སྤུར༌རས༌པོ༌ ཅིག༌པོ༌ བོར༌ཏེ༌ ཐོང༌། ཏེ༌གུན༌ ཅི༌ ཇུངས༌ཏེ༌ ཨིན༌ སམ༌ཨིན༌ ཁོ༌ ཧན༌པན༌ སོང༌ཏེ༌ ཁང༌པ༌ ལོགས༌ཏེ༌ སོང༌།


ཨེ༌མ༌འུས༌ལ༌ ཆ༌སའེ༌ ལམ༌མི༌ཀ༌ ཡེ༌ཤུ༌ ཇལ༌། 24:13-35

13 ཏེན༌ན༌ ཞག༌ག༌ ཁོང༌གུན༌ནི༌ ཕྲོ༌ནེ༌ ལོབ༌ཕྲུགས༌ ཉིས༌ ཡེ༌རུ༌ཤ༌ལེམ༌ནེ༌ ཀི༌ལོ༌མི༌ཀྲར༌ རྕུག༌ཅིག༌ ཐག༌རིང༌ང༌ ཡོད༌ཁན༌ནི༌ ཨེ༌མ༌འུས༌ ཟེར༌ཁན༌ནི༌ གྲོང༌ཁྱེར༌ལ༌ ཆའད༌པིན༌།

14 ཁོང༌ ཉིས༌ཀོའེ༌ ཇུང༌ཁན༌ ཚང༌མའེ༌ སྐོར༌ལ༌ སྤེ༌ར༌ ཏང༌ངད༌པིན༌།

15 སྤེ༌ར༌ ཏང༌ཨིན༌, གྲོས༌དུར༌ ཅོ༌ ཟ༌ནེ༌ གཙོ༌བོ༌ ཡེ༌ཤུ༌ ཁོང༌ངི༌ གྱབ༌ནེ༌ སྐྱོད༌ཏེ༌ ཁོང༌གུན༌ ཉམ༌པོ༌ གྲུལ༌ལ༌ ཛདས༌,

16 ཨིན༌ནའང༌ ཡེ༌ཤུ༌ ཨིན༌ཁན༌བོ༌ ཁོང༌ང༌ ངོ༌ཤེས༌ ཅུག༌ག༌ མ༌ཛད༌།

17 ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, “ཁྱོ༌ཞའེ༌ ཆེན༌ནའང༌ ཅི༌ སྐོར༌ལ༌ སྤེ༌ར༌ ཏང༌ངད༌?” ཁོང༌ ཐེན༌ཞིག༌ སྲུངས༌, ཡང༌ ཁོང༌གུན༌ ཚེར༌ཏེ༌ དུག༌པིན༌།

18 ཁོང༌ངི༌ ཕྲོ༌ནེ༌ ཀེལེ༌འོ༌པས༌ ཟེར༌ཁན༌བོའེ༌ ཁོང༌ང༌ ཟེརས༌, “དང༌དི༌རིང༌ང༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཇུང༌ཁན༌གུན༌ གྱུས༌ མེད༌ཁན༌ནི༌ བེས༌པ༌ ཉེ༌རང༌ ཅིག༌པོ༌ ཨིན༌ན༌?”

19 ཁོང༌ངི༌ ཁོང༌གུན༌ལ༌ ཏྲིའ༌ ཛདས༌, “ཅི༌ ཇུང༌ཀྱག༌?” ཁོང༌གུན༌ནི༌ ལན༌ཏངས༌, “ཡེ༌ཤུ༌ ན༌ཙ༌རེད༌པའེ༌ སྐོར༌། ཁོང༌ ནི༌ ལུང༌སྟོན༌པ༌, ཧ༌ལས༌ཤེས༌སི༌ ཛད༌པ༌ ཛད༌ཁན༌ ཡང༌ དཀོན༌མཆོག༌ དང༌ མི༌ཚང༌མའེ༌ དུན༌ལ༌ ཝང༌ཆ༌ ཉམ༌པོ༌ ཧ༌ལས༌ཤེས༌སི༌ ལབ༌ཞ༌ སལ༌ཁན༌བོ༌ ཨིན༌པིན༌།

20 བླ༌མ༌ འུ༌སྐྱོང༌གུན༌ དང༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཁོང༌ང༌ སྲོག༌གི༌ ཆད༌པ༌ ཏང༌ང༌ལ༌ སྟདས༌ ཡང༌ ཁོང༌ རྐྱང༌ཤིང༌ངི༌ཀ༌ རྐྱངས༌།

21 ཨིན༌ནའང༌ ཁོང༌ ཨིས༌ར༌ཨེལ༌པ༌གུན༌ ཐར༌ ཅུག༌ག༌ ཛད༌ཅེས༌ལ༌ སྐྱོད༌ཏེ༌ ཨིན༌ཁན༌བོ༌ ང༌ཞའེ༌ རེ༌ཝ༌ ཡོད༌པིན༌, ཏེ༌གུན༌ ཇུངས༌ཏེ༌ དི༌རིང༌ ཞག༌ སུམ༌པའེ༌ ཞག༌ག༌,

22 ང༌ཞའེ༌ ཕྲོ༌ནེ༌ བུ༌མོ༌ ཁ༌ཅིག༌གི༌ འི༌ ནས༌ཚུལ༌བོ༌ ཤད༌ཏེ༌ ང༌ཞའ༌ ཧ༌ལས༌ཤུགས༌། ཁོང༌གུན༌ ང༌ཏོག༌ནེ༌ ཁོང༌ངི༌ སྤུར༌ཁང༌ང༌ སོང༌,

23 ཨིན༌ནའང༌ ཏེ༌ནང༌ང༌ ཁོང༌ངི༌ སྤུར༌ མེད༌ པ༌སང༌ ང༌ཞའ༌ ཡོད༌ས༌ ལོགས༌ཏེ༌ ཡོངས༌ཏེ༌ ཁོང༌གུན༌ལ༌ ཞལ༌ཟིགས༌སི༌ ནང༌ང༌ ཕོ༌ཉ༌གུན༌ ཇལ༌ཏེ༌ ཡེ༌ཤུ༌ སོན༌ཏེའ༌ ཞངས༌ཏེ༌ ཡོད༌ མོལ༌ལ༌རག༌ ཟེར༌ཨིན༌ ཤདས༌།

24 ང༌ཞའེ༌ ཕྲོ༌ནེ༌ ཁ༌ཅིག༌ སྤུར༌ཁང༌ང༌ སོང༌ཏེ༌ བུ༌མོ༌གུན༌ནི༌ ཤད༌ཁན༌ ནང༌ཞིན༌ ཡེ༌ཤུའི༌ སྤུར༌ སྤུར༌ཁང༌ངི༌ ནང༌ང༌ མེད༌ཁན༌བོ༌ ཐོང༌ཏོག༌།”

25 ཏེ༌ནེ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ཁྱོ༌ཞའ༌ ཙམ༌ཤིག༌ སམ༌བ༌ མེད༌ཁན༌ ཡང༌ ཁྱོ༌ཞའེ༌ ཀགས༌པོ༌ ཉམ༌པོ༌ མ༌ནེ༌ ལུང༌སྟོན༌པ༌གུན༌ནི༌ མོལ༌ཁན༌ ཚང༌མའ༌ ཨིད༌ཤེས༌ ཅོའ༌ མི༌དུག༌།

26 མ༌ཤི༌ཀའ༌ ཏེ༌ རྡུག༌ངལ༌གུན༌ ཉུངས༌ཏེ༌ མ༌ནེ༌ སྤལ༌ མི༌ཐོབ༌ མོལ༌ཁན༌བོ༌ གྱུས༌མེད༌ད༌?”

27 ཏེ༌ནེ༌ ཁོང༌ངི༌ ལུང༌སྟོན༌པ༌ མོ༌ཟེས༌ནེ༌ གོ༌ཟུགས༌ཏེ༌ ལུང༌སྟོན༌པ༌ ཚང༌མའེ༌ ཁོང༌ངི༌ སྐོར༌ལ༌ ཏམ༌པའེ༌ སུང༌རབས༌ ཚང༌མའེ༌ ནང༌ང༌ བྲིའ༌ ཛད༌ཁན༌ནི༌ ཏོན༌ ཁོང༌གུན༌ལ༌ ཧ༌གོ༌ཅུག༌ག༌ ཛདས༌།

28 ཁོང༌གུན༌ ཨེ༌མ༌འུས༌ལ༌ ལེབ༌ཅེས༌ དང༌ བེས༌པོ༌ ཚར༌ཅེས༌ ཉེ༌མོ༌ ལེབ༌བ༌ཅིག༌, ཡེ༌ཤུ༌ ཁོང༌གུན༌ནི༌ སང༌ ནས༌ས༌ ཐག༌རིང༌ང༌ སྐྱོད༌ཅེས༌པོ༌ ཐོང༌

29 ཨིན༌ནའང༌ ཁོང༌གུན༌ནི༌ ཁོང༌ང༌ འུ༌ཙུག༌ ཏངས༌ཏེ༌ ཟེརས༌, “ང༌ཞའ༌ ཉམ༌པོ༌ ཞུགས༌ས༌ ཛད༌ ཅིའ༌ཟེར༌ན༌ མུན༌ཅུ༌རུབས༌ཏེ༌ ཚན༌ ཆ༌ཀྱིས༌དུག༌།” ཏེ༌ནེ༌ ཁོང༌ ཁོང༌གུན༌ ཉམ༌པོ༌ ཞུག༌ཅེས༌ལ༌ ནང༌ང༌ སྐྱོདས༌།

30 གོང༌ཟན༌ དོན༌ན༌ ཅོག༌ཙེ༌ དུན༌ལ༌ ཞུགས༌ས༌ཅིག༌ ཡེ༌ཤུའི༌ དོན༌ཀྱིར༌ ཆག༌ག༌ ནམས༌ཏེ༌ ཐུག༌རྗེ༌ཆེ༌ ཞུས༌ཏེ༌ ཅག༌ག༌ ཛདས༌, ཡང༌ ཁོང༌ང༌ སལས༌།

31 ཏེ༌ནེ༌ ཁོང༌གུན༌ནི༌ མིག༌ ཕེད༌ཏེ༌ ཁོང༌ སུ༌ ཨིན༌ཁན༌བོ༌ ངོ༌ཤེས༌ས༌ཅིག༌ ཁོང༌ ཁོང༌གུན༌ནི༌ དུན༌ནེ༌ སྟོར༌།

32 ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, “ཁོང༌ངི༌ ལམ༌མ༌ ང༌དང༌ང༌ ཞལ༌ཏ༌ ཛད༌ཨིན༌ ཏམ༌པའེ༌ སུང༌རབས༌སི༌ ནང༌ནེ༌ ཧ༌གོ༌ཅུག༌ག༌ ཛད༌ ཟ༌ནེ༌, ང༌དང༌གུན༌ནི༌ སྙིང༌ངི༌ ནང༌ང༌ མེ༌ བར༌ཁན༌ ཙོགས༌ མ༌ཚོར༌ར༌?”

33 ཏེན༌ན༌མལ༌ལ༌, ཁོང༌གུན༌ ལངས༌ཏེ༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ སོང༌ ཡང༌ སྐུ༌ཚབས༌ རྕུག༌ཅིག༌པོ༌ ཞན༌ ཕྲོ༌པ༌གུན༌ ཉམ༌པོ༌ ཛོམས༌ཏེ༌ ཡོད༌ཁན༌བོ༌ ཐོང༌།

34 ཁོང༌ ཉིས༌ཀོའ༌ ཁོང༌གུན༌ནི༌, “གཙོ༌བོ༌ དེན༌བ༌ སོན༌ཏེའ༌ ཞངས༌ཏེ༌ ཤི༌མོན༌ནི༌ ཇལ༌ཏོག༌” ཟེར༌ཨིན༌ ཚོར༌།

35 ཏེ༌ནེ༌ ཁོང༌ ཉིས༌ཀོའེང༌ ལམ༌མ༌ ཇུང༌ཁན༌ ཚང༌མའེ༌ སྐོར༌ དང༌ ཁོང༌ངི༌ དོན༌ཀྱིར༌ ཅག༌ག༌ ཛད༌ད༌ཅིག༌ ཁོང༌ ངོ༌ཤེས༌ཁན༌བོ༌ ཤདས༌།


ཡེ༌ཤུ༌ ལོབ༌ཕྲུགས༌གུན༌ལ༌ ཇལ༌། 24:36-49

36 ཁོང༌ ཉིས༌ཀོའེ༌ སྤེ༌ར༌གུན༌ ཤད༌ཨིན༌ ཡོད༌ ཟ༌ནེ༌ ཧུན༌མེད༌ལ༌ གཙོ༌བོ༌ ཡེ༌ཤུ༌ ཁོང༌གུན༌ནི༌ སྐྱིལ༌ལ༌ སྐྱོདས༌ ཡང༌ མོལས༌, “དཀོན༌མཆོག༌གི༌ ཞི༌དེ༌ ཁྱོ༌ཞའ༌ ཉམ༌པོ༌ ལུས༌ཤིག༌།”

37 ཨིན༌ནའང༌ ཁོང༌གུན༌ དྲོགས༌ ཡང༌ ཇིགས༌, ཁོང༌ང༌ ཤིན༌དྲེ༌ཞིག༌ ཐོང༌ཏེ༌ ཨིན༌ནོག༌ སམ༌།

38 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ཁྱོ༌ཞའ༌ ཅིའ༌ ཇིགས༌ས༌རག༌ ཡང༌ ཁྱོ༌ཞའེ༌ སྙིང༌ངི༌ ནང༌ང༌ ཐེ༌ཚོམས༌ ཅིའ༌ སྐྱེའ༌རག༌?

39 ངའེ༌ རྐང༌པ༌ ལག༌པ༌ གུན༌ལ༌ ལྟོས༌སའང༌, ང༌རང༌ ཨིན༌། ལག༌པ༌ རྩེས༌ཏེ༌ ངའ༌ ཉུག༌གའང༌, ཤིན༌དྲེའ༌ ཤ༌ དང༌ རུས༌པ༌ ཡོང༌ང༌ མ༌ནོག༌ ཨིན༌ནའང༌ ང༌ ཏེ༌གུན༌ ཡོད༌།”

40 ཏེ༌བོ༌ མོལ༌ཏེ༌ ཁོང༌ངི༌ ཁོང༌རང༌ངི༌ ཆག༌ དང༌ ཞབས༌ གུན༌ ཁོང༌གུན༌ལ༌ སྟན༌ན༌ ཛདས༌།

41 ཐད༌པོ༌ དང༌ གའ༌མོ༌ ཆ༌ནའང༌ ཏ༌རུང༌ ཁོང༌གུན༌ནི༌ ཨིད༌ཤེས༌ མ༌ཅོས༌པ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ཁྱོ༌ཞའེ༌ ལག༌ག༌ ཟའ༌ཅེས༌ཤིག༌ ཡོད༌ད༌?”

42 ཁོང༌གུན༌ནི༌ ཉ༌ སྲགས༌ཁན༌ནི༌ ཁག༌ཞིག༌ ཁོང༌ང༌ ཏངས༌།

43 ཁོང༌ངི༌ ཏེ༌བོ༌ ནམས༌ཏེ༌ ཁོང༌གུན༌ནི༌ དུན༌ལ༌ དོནས༌།

44 ཏེ༌ནེ༌ ཁོང༌གུན༌ལ༌ མོལས༌, “ང༌ ཁྱོ༌ཞའ༌ ཉམ༌པོ༌ ཡོད༌ ཟ༌ནེ༌ ངའེ༌ འི༌གུན༌ ཟེར༌པིན༌, ‘མོ༌ཟེས༌སི༌ བཀའ༌ཁྲིམས༌, ལུང༌སྟོན༌པ༌གུན༌ དང༌ སུང༌གུར༌རི༌ སྤེ༌ཆ༌གུན༌ནི༌ ནང༌ང༌ ངའེ༌ སྐོར༌ལ༌ བྲིས༌ཁན༌ ཚང༌མ༌ དྲན༌དྲའ༌ གྲུབ༌གོས༌།’”

45 ཏེ༌ནེ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ ཏམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ ཛད༌ཁན༌གུན༌ ཧ༌གོ༌ཅེས༌སི༌ ཁྱུད༌ སལས༌།

46 ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, “འི༌བོ༌ བྲིའ༌ ཛད༌ཏེ༌ དུག༌, ‘དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ རྡུག༌ངལ༌ ཉུང༌ཨིན༌ ཡང༌ ཞག༌ སུམ༌པའེ༌ ཞག༌ག༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌ཨིན༌།

47 ཡེ༌རུ༌ཤ༌ལེམ༌ནེ༌ གོ༌ཟུགས༌ཏེ༌ གྱལ༌ཁམས༌ ཚང༌མའེ༌ ནང༌ང༌ སྡིག༌པ༌ནེ༌ གྱོད༌པ༌ ཅོ༌ཅེས༌ དང༌ སྡིག༌པ༌ སེལ༌ཅེས༌སི༌ ཕིའ༌ ཁོང༌ངི༌ ཚན༌ནི༌ ནང༌ང༌ ཆོས༌ཤད༌ཨིན༌།’

48 ཏེ༌ ཚང༌མའེ༌ སྤང༌པོ༌ ཏང༌ཨིན༌ ཁྱོ༌ཞའེ༌ མི༌ཚང༌མ༌ལ༌ ཤོད༌།

49 ངའེ༌ ཡབ༌བི༌, ཏམ༌པའེ༌ ཐུག༌ཉིད༌དི༌ ཞལ༌ཆད༌ ཛད༌ཁན༌བོ༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཀལ༌ཨིན༌། ཨིན༌ནའང༌ ནམ༌ཁའ༌ནེ༌ ཏམ༌པའེ༌ ཐུག༌ཉིད༌ སྐྱོད༌ཏེ༌ ཁྱོ༌ཞ༌གུན༌ ཁྱུད༌དི༌ སྐང༌སྐང༌ ཚག༌པ༌ ཁྱོ༌ཞའ༌ འིན༌ན༌ གྱལ༌སའེ༌ ནང༌ང༌ དུག༌།”


དཀོན༌མཆོག༌གི༌ ཡེ༌ཤུ༌ ནམ༌ཁའ༌ ཁྱེར༌ར༌ ཛདས༌། 24:50-53

50 ཏེ༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌གུན༌ ཕི༌ལོག༌ག༌ བེད༌ཐཱ༌ནི༌ གྲོང༌སེབ༌བི༌ ཉེ༌མོ༌ཞིག༌ག༌ ཁྱེར༌ར༌ ཛདས༌, ཡང༌ ནམ༌ཁའ༌ ཆོགས༌ལ༌ ཆག༌ རྐྱང༌ང༌ ཛད༌ཏེ༌ ཁོང༌གུན༌ལ༌ ཅིན༌ལབས༌ སལས༌།

51 ཁོང༌གུན༌ལ༌ ཅིན༌ལབས༌ སལ༌ཨིན༌ ཡོད༌ ཟ༌ནེ༌ ཁོང༌གུན༌ནེ༌ ཕེས༌ཏེ༌ ཡེ༌ཤུ༌ ནམ༌ཁའ༌ ཁྱེར༌ར༌ ཛདས༌།

52 ཁོང༌གུན༌ནི༌ ཁོང༌ང༌ ཅོལ༌ཨིན༌, མ༌ ཐད༌པོ༌ ཉམ༌པོ༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ སོང༌།

53 ཞག༌ཏང༌ ཁོང༌གུན༌ ཆོད༌ཁང༌ང༌ སྐྱོད༌ཏེ༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ལད༌པིན༌།

© Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Lean sinn:



Sanasan