Biblia Todo Logo
Online Bible

- Advertisements -



ཕི་ལིབ་པཱི་པ། INTRO1 - གློ་བ།

1

དེབ་ཀྱི་ངོ་སྤྲོད།
སྐུ་ཚབ་པའུ་ལུ་ཡིས་ཡིག་དེ་ཕི་ལིབ་པཱི་པ་ཀྱ་ལ་སྤྱི་ལོ་ ༦༢-༦༣ གཡས་གཡོན་ལ་རོམ་གྱི་བཙོན་ཁང་ནས་བྲིས་པ་ལགས། འདི་ཡིག་དེ་པའུ་ལུ་ཡིས་ཕི་ལིབ་པཱི་གྲོང་ཁྱེར་གྱི་མཱ་ཤི་ཀ་བ་ཀྱ་ལ་བྲིས་པ་ལགས། ཕི་ལིབ་པཱི་ནི་མ་ཀེ་དོན་ཡཱ་ཡི་(གྷི་རིས་རྒྱལ་ཁབ་ཀྱི་བྱང་ཕྱོགས་ཀྱི་རྒྱལ་ས་གཅིག)གཙོ་རྒྱལ་ས་གཅིག་ལགས། ཨེ་ཞི་ཡཱ་ནས་ཨུ་རོབ་ལ་མཱ་ཤི་ཀ་ཡི་གཏམ་བཟང་དང་ཤོས་གོ་ཕི་ལིབ་པཱི་གྲོང་ཁྱེར་ནས་འགོ་བཙུགས་པ་ལགས།
པའུ་ལུ་ཁོ་རི་གཏམ་བཟང་གི་འགྲུལ་གཉིས་བ་ལ་ཕི་ལིབ་པཱི་རུ་སོང་བ་ལགས། ཕི་ལིབ་པཱི་རུ་པའུ་ལུ་ཡིས་ཐུག་འཕྲད་དང་པོའི་སྐོར་ལ་མཛད་པ་ ༡༦:༡༡-༤༠ ནང་ལ་བྲིས་འོད་ད་ལགས། དེ་ནས་ཕི་ལིབ་པཱི་རུ་ཁོ་རི་གཏམ་བཟང་གི་འགྲུལ་ཐེངས་གསུམ་པ་གོ་མཛད་པ་ ༢༠:༡ དང་ ༦ ལ་བྲིས་འོད་ད་ལགས།
ཕི་ལིབ་པཱི་ཡི་མཱ་ཤི་ཀ་བ་ཀྱ་ཡིས་པའུ་ལུ་བཙོན་ཁང་དུ་འོད་དེ་གང་ལ། ཨ་ལེ་འདུས་རེ་ཁོ་ལ་རོགས་བ་བྱེད་ཡས་ལ་བསྐུར་ར་ལགས། ད་པའུ་ལུ་ཡིས་ཁོང་ཀྱ་ལ་ཐུགས་རྗེ་ཆེ་ཞུ་ཡས་ལ་འདི་ཡིག་དེ་བསྐུར་པ་ལགས། དེ་ནས་ཕི་ལིབ་པཱི་པ་ཀྱ་ལ་རང་གི་དད་པ་ཡིས་བྱས་རེ་སྡུག་པོ་མྱངས་ཀྱིན་གོ་པའུ་ལུ་ཡིས་ཧ་གོ་པ་ལགས། འོ་བྱས་རེ་སྡུག་པོ་ཀྱ་ཡི་ཁོག་ཏུའང་དགའ་སྤྲོ་ནས་གང་གི་བྱས་རེ་མི་ཚེ་པུད་ཐུབ་ཡས་འདུག་བོ་སྨྲས་རེ། པའུ་ལུ་ཡིས་རང་གི་མི་ཚེའི་དཔེ་སྟོན་ཏེ་ཁོང་ཀྱ་ལ་སེམས་ཤུགས་སྤར་འོད་ད་ལགས། ཕི་ལིབ་པཱི་པ་ཀྱ་ལ་རང་ལ་ཅོག་རེ་སེམས་ཤུགས་ཐོབ་སྟེ། མི་འཇིགས་བ་གཏམ་བཟང་བཤད་ཐུབ་ཡས་ཀྱི་རེ་བ་གོ་པའུ་ལུ་ཡིས་བྱེད་འོད་ད་ལགས།།
དཀར་ཆག
ངོ་སྤྲོད། ༡:༡-༡༡
པའུ་ལུའི་རང་གི་གནས་ཚུལ། ༡:༡༢-༢༦
མཱ་ཤི་ཀ་ནང་འོད་ཀྱིན་མི་ཚེ། ༡:༢༧–༢:༡༨
ཏི་མོ་ཐེའུ་དང་ཨེ་པབ་རོ་དི་ཏོ་ཡི་ཆེད་དུ་འཆར་གཞི། ༢:༡༩-༣༠
རྒྱབ་ལོག་གིན་དང་འཇིགས་སྐྲག་ཀྱ་ནས་སྣེམ་བྱས་རེ་བསྡད་ཡས་ཀྱི་ཉན་བརྡ། ༣:༡–༤:༩
པའུ་ལུ་དང་ཕི་ལི་པཱི་པ་རོགས་བ་ཀྱ། ༤:༡༠-༢༠
མཐའ་མ། ༤:༢༡-༢༣

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Follow us:



Advertisements