Biblia Todo Logo
Online Bible

- Advertisements -



ཕི་ལིབ་པཱི་པ། 1 - གློ་བ།

1 མཱ་ཤི་ཀ་ཡེ་ཤུའི་བྲན་གཡོག་པའུ་ལུ་དང་ཏི་མོ་ཐེའུ་ནས། ཕི་ལིབ་པཱི་རུ་འོད་མཁན་མཱ་ཤི་ཀ་ཡེ་ཤུའི་ནང་དམ་པའི་མི་ཀྱ་དང་། ཆོས་ཚོགས་ཀྱི་ལྟ་རྟོག་པ་ཀྱ་དང་། ཞབས་ཏོག་པ་ཀྱ་མུ་ལ་གི་རི་ལ།

2 འོ་རི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་ཐོབ་པར་ཤོག།


བཀའ་དྲིན་ཆེ་དང་སྨོན་ལམ་ཞུ་བ།

3 ཁྱེད་ཀྱ་ལ་དྲན་དེ་གང་ལ་ང་ནམ་ཡིན་ན་ངའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་འོད།

4 ངའི་སྨོན་ལམ་གི་རི་ལ་ཁྱེད་ཀྱ་གི་རིའི་ཆེད་དུ་ང་དགའ་སྤྲོ་ཡི་ཐོག་ནས་སྨོན་ལམ་བརྒྱབ་བའི་འོད།

5 གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་སྐོར་ལ་གཏམ་བཟང་དེ། ཁྱེད་ཀྱ་ཡིས་མགོ་མ་གོ་ག་ཉིན་མ་ནས་ད་ལྟ་ཐུག་པའི་འདི་བཤད་ཡས་ལ་ཁྱེད་ཀྱ་ངའི་རོགས་བ་བྱུང་འོད།

6 དེ་ནས་ཁྱེད་ཀྱི་ནང་ལས་བཟང་ང་འགོ་འཛུགས་མཁན་དཀོན་མཆོག་ཁོང་གི་རང་མཱ་ཤི་ཀ་ཡེ་ཤུ་ཕེབས་ཀྱིན་ཉིན་མ་ཐུག་པའི། འདི་ལས་ཀ་དེ་སྒྲུབ་པ་མཛད་ཀྱི་ལགས་སྨྲས་རེ་ང་བློ་གཏད་འོད།

7 ཁྱེད་ཀྱ་ངའི་སེམས་ནང་དུ་བྱས་རེ་ཁྱེད་ཀྱ་གི་རིའི་སྐོར་ལ། དེ་རེ་ཚོར་སྣང་སྐྱེས་ཡས་དེ་ངའི་ཆེད་དུ་བདེན་པ་འདུག། ང་བཙོན་ཁང་དུ་འོད་དེ་གང་ལ་ཡང་ན་གཏམ་བཟང་ལ་སྲུང་སྐྱོབ་དང་བདེན་དཔང་བྱེད་འདིག་གང་ལ། ཁྱེད་ཀྱ་གི་རི་ངའི་མུ་ལ་དཀོན་མཆོག་གི་ཐུགས་རྗེ་འཐོབ་འོད་ད་ལགས།

8 མཱ་ཤི་ཀ་ཡེ་ཤུའི་བྱམས་པའི་ཐོག་ནས་ང་ཁྱེད་ཀྱ་ལ་དམི་ཅིག་གི་ཐུག་ཉིད་འདོད་འདིག། དེ་ནས་འདི་ལ་དཀོན་མཆོག་གི་ང་ལ་བདེན་དཔང་མཛད་ད་ལགས།

9 ངས་སྨོན་ལམ་བརྒྱབ་ཀྱིན་གྱི་དོན་ནི་ཁྱེད་ཀྱ་ཡི་བྱམས་པ་ནི་ཤེས་རབ་དང་། ཤེས་ཡོན་གི་རིའི་ཐོག་ནས་མང་དུ་མང་དུ་ཕེལ་རེ།

10 ཁྱེད་ཀྱ་ཡི་བཟང་ང་གི་ཡིན་གྱིན་གོ་འདམ་ཐུབ་བ་དང་། མཱ་ཤི་ཀའི་ཉིན་མ་ཐུག་པའི་གཙང་མ་དང་སྐྱོན་མེད་ཀྱིན་འོང་བར་ཤོག།

11 དེ་ནས་དཀོན་མཆོག་གི་གཟི་བརྗིད་དང་བསྟོད་པའི་ཆེད་དུ། ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ཐོབ་ཀྱིན་དྲང་བདེན་གྱི་འབྲས་བུ་ཡིས་ཁྱེད་ཀྱ་ཁང་བར་ཤོག།


གཏམ་བཟང་འཕེལ་གྱིན་གྱི་སྐོར།

12 སྤུན་ཀྱ་བོ། ང་ལ་གི་བྱུང་བྱ་ཡི་དངོས་གནས་བྱེད་ན། གཏམ་བཟང་འཕེལ་ཡས་ལ་ཕན་ཐོགས་པ་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་བྱེད་སྨྲས་རེ་ང་འདོད་འདིག་འོད།

13 འདི་དོག་པོ་ནི་ཕོ་བྲང་གི་སྲུང་དམག་ཀྱ་དང་། གཞན་མ་གི་རི་ལ་ང་མཱ་ཤི་ཀ་འི་དོན་ལ་བཙོན་ཁང་དུ་ཆུད་ཀྱིན་གོ་གསལ་བོ་བྱུང་འདུག།

14 དེ་ནས་ང་བཙོན་ཁང་དུ་ཆུད་ཀྱིན་གྱི་བྱས་རེ་སྤུན་མང་ཆེ་གཙོ་བོའི་ནང་བློ་གཏད་ཆེ་དང་། མི་འཇིགས་བ་གཏམ་བཟང་བཤད་ཡས་ལ་བློ་ཁོག་ཆེ་བྱུང་འདུག།

15 མི་རིང་འགའ་ཕྲག་དོག་དང་འགྲན་སྡུར་གྱི་བྱས་རེ་མཱ་ཤི་ཀའི་སྐོར་ལ་ཆོས་བཤད་ད་ལགས། ཡིན་ནའང་གཞན་མ་ཀྱ་སེམས་དྲང་པོའི་ཐོག་ནས་བཤད་ད་ལགས།

16 དེ་ནས་དེ་ཀྱ་ཡིས་བྱམས་པའི་ཐོག་ནས་ཆོས་བཤད་ད་ལགས། གི་བྱས་རེ་སྨྲ་ན་ང་གཏམ་བཟང་གི་སྲུང་སྐྱོབ་བྱེད་ཡས་ཀྱི་ཕྱིར་ལ། དུ་རུ་འོད་ཀྱིན་གོ་ཁོང་ཀྱ་ཡིས་ཤེས་ལ་ལགས།

17 ཡིན་ནའང་ང་ལ་བཙོན་ཁང་དུ་སྡུག་པོ་བཏང་ཡས་ཀྱི་བསམ་བློ་བཏང་རེ། འགྲན་སྡུར་བྱེད་མཁན་ཀྱ་ཡིས་སེམས་དྲང་པོའི་ཐོག་ནས་མིན་ད། རང་གི་འདོད་པ་བཀང་ཡས་ཀྱི་ཆེད་དུ་ཆོས་བཤད་ད་ལགས།

18 ད་གི་ཡིན་ན་དྲང་པོ་ཐོག་ནས་ཡིན་ན་ལགས། ཡང་ན་མེད་དྲང་ང་ཐོག་ནས་ཡིན་ན་ལགས། གཙོ་གོ་གི་རིའི་ཐོག་ནས་མཱ་ཤི་ཀའི་ཆོས་བཤད་འདུག། འོ་བྱས་རེ་འདི་ལ་རང་ང་ཉམ་མོ་དགའི། དེ་ནས་ང་ཉམ་མོ་དགའ་ཡས་ཡིན།

19 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་སྨོན་ལམ་དང་ཡེ་ཤུ་མཱ་ཤི་ཀའི་ཐུགས་ཉིད་ཀྱི་རོགས་རམ་ནས། ང་ལ་གི་བྱུང་གིན་གོ་ངའི་ཐར་པའི་ཆེད་དུ་འབྱུང་གི་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད།

20 ངའི་སེམས་ནང་གི་འདོད་པ་དང་རེ་བ་ནི་ང་ལ་ངོ་ཚ་པབ་ཀྱིན་ག་ནས་མི་འབྱུང་བ། ཡིན་ནའང་སྙིང་ཆེ་འབྱུང་རེ་གསོན་པོ་ཡང་ན་འཆི་བ་འོད་ན། ངའི་ལུས་ནང་ཙོག་བའི་ཅོག་རེ་ད་ལྟ་མཱ་ཤི་ཀའི་གུས་ཞབས་འབྱུང་ཡས་ལགས།

21 གི་བྱས་རེ་སྨྲ་ན་ངའི་ཆེད་དུ་གསོན་པོ་བསྡད་ཡས་ཀྱི་དོན་ནི་མཱ་ཤི་ཀ་ལགས། དེ་ནས་འཆི་བ་ནི་ཁེ་སང་ལགས།

22 ད་ང་ལུས་ལ་གསོན་པོ་བསྡད་ཡས་ཡིན་ན། འོ་དེ་ངའི་ཆེད་དུ་དོག་པོ་འོད་ཀྱིན་དཀའ་ལས་འབྱུང་གི་ལགས། གི་ཡིན་ན་ང་གི་འདམ་དགོས་ཡས་གོ་ངས་མེད་ཤེས་འོད།

23 ང་འདི་གཉིས་བོའི་ཁོག་ཏུ་ཆུད་དེ་བསྡད་འོད། ང་འདི་འཇིག་རྟེན་ནས་འདའ་རེ་མཱ་ཤི་ཀ་མུ་ལ་འབྱུང་ཡས་གོ་ངའི་འདོད་པ་འོད། གི་བྱས་རེ་སྨྲ་ན་དེ་དམི་ཅིག་གི་དགའ་འདུག།

24 ཡིན་ནའང་ཁྱེད་ཀྱ་ཡི་ཆེད་དུ་ང་ལུས་ལ་བསྡད་དགོས་ཡས་གོ་ཡོལ་ལེ་གལ་ཆེ་འདུག།

25 འདི་ལབ་ལ་ང་བརྟན་ད་བྱུང་རེ་སྨྲ་ཡིན། ང་གསོན་པོ་བསྡད་གུ་ལགས། དེ་ནས་ཁྱེད་ཀྱ་དད་པའི་ནང་ཡར་རྒྱས་འགྲོ་ཡས་དང་། དགའ་སྤྲོ་འབྱུང་ཡས་ཀྱི་ཆེད་དུ་ང་ཁྱེད་ཀྱ་གི་རི་མུ་ལ་ཙོག་བའི་བསྡད་གུ་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད།

26 འོ་བྱས་རེ་ང་ཁྱེད་ཀྱི་རྩ་རུ་ལྡབ་ལེ་འོང་བའི་གང་ལ། ངའི་སྐྱེན་གྱི་ཁྱེད་ཀྱ་ལ་མཱ་ཤི་ཀ་ཡེ་ཤུ་ཁར་ལ་ངོམ་སོ་བྱེད་ཡས་ཀྱི་དོན་མང་ང་འཐོབ་ཀྱི་ལགས།

27 ཁྱེད་ཀྱ་ཡི་མི་ཚེའི་སྤྱོད་ལམ་གོ་མཱ་ཤི་ཀའི་གཏམ་བཟང་ལ་མཐུན་གྱིན་འོང་དགོས། དེ་ནས་ང་འོང་རེ་ཁྱེད་ཀྱ་ལ་ཐུག་ན་ཡང་ན་ང་མེད་ན། ཁྱེད་ཀྱ་ཐུགས་ཉིད་གཅིག་ལ་བརྟན་པོ་གནས་ཀྱིན་དང་། དེ་ནས་གཏམ་བཟང་གི་དད་པའི་ཕྱིར་ལ། ཁྱེད་ཀྱ་སེམས་ཉིད་གཅིག་འབྱུང་རེ་དཀའ་ལས་བརྒྱབ་ཀྱིན་དང་།

28 ཁྱེད་ཀྱི་རྒྱབ་འགེལ་ལ་མེད་མཁན་ཀྱ་མུ་ལ་གིན་གྱི་ཐོག་ནས་འང་མི་འཇིགས་ཀྱིན་གོ་ངས་གོ་ར་ཤོག འདི་ནི་ཁོང་ཀྱ་ལ་ཁོ་རང་ཀྱ་ཡི་གཏོར་བཤིག་དང་ཁྱེད་ཀྱ་ལ་ཁྱེད་རི་ཐར་པའི་རྟགས་ལགས། དེ་ནས་འདི་རྟགས་དེ་དཀོན་མཆོག་ནས་ལགས།

29 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་མཱ་ཤི་ཀ་ལ་དད་པ་བྱེད་ཡས་གཅིག་ཀ་མིན་ད། ཁོང་གི་དོན་ལ་སྡུག་པོ་མྱངས་ཡས་ཀྱི་ཐོབ་ཐང་གོའང་གནང་འོད་ད་ལགས།

30 དེ་ནས་ཁྱེད་ཀྱ་ཡིས་ངས་མྱངས་ཀྱིན་སྡུག་པོ་གོ་མཐོང་མྱོང་ང་ལགས། དེ་ནས་ད་ལྟ་ངས་མྱངས་ཀྱིན་གོ་ཁྱེད་ཀྱིས་གོ་ར་ལགས། འདི་སྡུག་པོ་དེ་རང་ཁྱེད་ཀྱའང་མྱངས་བའི་འོད་ད་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Follow us:



Advertisements