ཕི་ལིབ་པི་པ། 4 - དོལ་པོ།ལེའུ་བཞི་པ། 1 འོ་དེ་ལེ་བརྟེན་ཏེ། ངའི་མཛའ་བརྩེ་དིང་། སྙིང་ནས་རྟག་ཏུ་དྲན་ས་ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ཁྱེད་ཀྱ་ནི་ངའི་དགའ་སྤྲོ་དིང་། གཙུག་རྒྱན་ཅོག་འདྲ་ཡིན། ཇོ་བོ་ལེ་བརྟེན་ཏེ་བརྟན་པོ་སྡོད་ཅིག སྐུལ་མ་བཏང་བའི་སྐོར། 2 ཡང་བུ་མའ་ཨོ་དི་ཡཱ་དིང་སིན་ཏི་ཀེ་ཁྱོད་གཉིས་ལེ་ཟང་། ཇོ་བོའི་ནང་དུ་བློ་སེམས་མཐུན་དགོས་འོད་དིག་ཟིན་ངས་སྐུལ་མ་གཏོང་གྱོ་འོད། 3 ངའི་བདེན་པའི་ལས་རོགས་ཁྱོད་ཀྱིས་ཟང་། བུ་མའ་དེ་གཉིས་ལེ་རོགས་རམ་གྱིས་ཟིན་ངས་ཞུ་བ་འབུལ་གྱོ་འོད། ཅི་ལེ་ཟེར་ནི། བུ་མའ་དེ་གཉིས་ཀྱིས་ངའི་ལས་རོགས་ཀཱ་ལེ་མེན་དིང་། ངའི་ལས་རོགས་གཞན་མ་ཀྱ་ལེ་གཏམ་བཟང་ཤོད་རྒྱུ་ཆེད་དུ་འབད་བརྩོན་བྱས་བྱུང་། བུ་མའ་དེ་གཉིས་ཀྱི་མིང་ནི་མཐའ་མེད་པའི་ཚེའི་མིང་དེབ་ནང་ལེ་བྲིས་འོད་དིག 4 ཇོ་བོ་ལེ་བརྟེན་ཏེ་དུས་རྒྱུན་དུ་དགའ་སྤྲོ་གྱིས་ཤིག ངས་ཡང་དང་ཁྱེད་ཀྱ་ལེ་དགའ་སྤྲོ་གྱིས་ཟིན་ཟེར་ལས་བགྱིད་འོད། 5 ཁྱེད་ཀྱ་ཀྱི་སེམས་དུལ་པོ་དེ་ནི། མི་ཡེ་རེས་ཧ་གོ་རུ་འཇུག་དགོས་འོད་དིག ཇོ་བོ་མགྱོགས་པོ་ཕེབས་འོང་གྱི་དིག 6 སེམས་ཁྲལ་གཅིག་ཟང་མ་བྱས་ཏེ། དོན་ཡེ་རེའི་ཆེད་དུ་གསོལ་བ་སྨོན་ལམ་གྱི་བརྒྱུད་ནས་དཀོན་མཆོག་ལེ་ཐུགས་རྗེ་ཆེ་ཞུས་ཤིག 7 ཡང་བློ་ཡུལ་ལེ་མེད་མེད་དཀོན་མཆོག་གི་ཞི་བདེ་དེས་ཁྱེད་ཀྱ་ཀྱི་བློ་སེམས་དེ། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་བསྲུང་གནང་གྱི་དིག 8 མཇུག་མཐའ་མ་དེ་ལེ། ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་བདེན་པ་ཅི་ཡིན་དི་དིང་། བརྩི་བཀུར་ཅི་ཡིན་དི་དིང་། དྲང་བདེན་ཅི་ཡིན་དི་དིང་། ཡང་དག་པ་ཅི་ཡིན་དི་དིང་། ཡིད་དུ་འོང་བ་ཅི་ཡིན་དི་དིང་། སྙན་པོ་ཅི་ཡིན་དི་དིང་། བཟང་པོ་ཅི་ཡིན་དི་དིང་། བསྟོད་འོས་པ་ཅི་ཡིན་དི་དོན་དེ་ཡེ་རེ་ལེ་བསམ་བློ་གཏོང་ཞིག 9 ཁྱེད་ཀྱ་ཀྱིས་ང་ནས་ཅི་བསླབས་པི་དིང་། དང་ལེན་བྱས་པི་དིང་། ཐོས་པི་དིང་། མཐོང་པི་དེ་ཀྱ་ལེ་ཉམས་ལེན་བགྱིད་དགོས་འོད་དིག ཡང་ཞི་བདེ་གནང་མཁན་དཀོན་མཆོག་ནི་ཁྱེད་ཀྱ་དིང་སྐྱེན་ལེ་བཞུགས་གནང་འོད་དིག ཞལ་འདེབས་ཕུལ་ལི་དེ་ལེ་ཐུགས་རྗེ་ཆེ་ཞུས་པ། 10 ཁྱེད་ཀྱ་ཀྱིས་ད་ལྟ་ཡང་དང་ངའི་སྐོར་ལེ་སེམས་ཁྲལ་བགྱིད་འོད་ཕེན། ངས་ཇོ་བོ་ལེ་བརྟེན་ཏེ། དགའ་རི་འཇུ་གུ་བགྱིད་འོད། སྔོན་མ་ནས་ཕེན་ཁྱེད་ཀྱ་ཀྱིས་ང་ལེ་ངོ་ཐོག་སེམས་ཁྲལ་བྱས་ནའང་། ང་ལེ་རོགས་རམ་བགྱིད་རྒྱུ་གོ་སྐབས་དེ་མ་བྱུང་པི་དིག 11 ང་ལེ་དགོས་པ་ཅི་གང་མེད་དི་རྐྱེན་གྱིས་འོ་འདི་གི་ཟེར་རི་མན། ཅི་ལེ་ཟེར་ནི། གནས་ཚུལ་ཅི་ཞིག་གི་འོག་ཏུ་རང་གི་བློ་ཚིམ་པི་བགྱིད་རྒྱུ་གོམས་གཤིས་དེ་ང་ལེ་ཆགས་འོད་དི་མ་ཟད། 12 ངས་སྐོམ་པོའི་འཚོ་བ་དིང་། ཕུན་སུམ་ཚོགས་པའི་འཚོ་བ་གཉིས་ཀ་སྐྱེལ་མྱངས་འོད། གྲོད་པ་འགྲང་བོ་དིང་ལྟོགས་པ། ལྷག་མ་ཡང་ནི་ཆད་པ། གནས་ཐང་ཡེ་རེ་ལེ་ཅི་གི་བྱས་ཏེ་བཟོད་སྒོམ་བགྱིད་རྒྱུ་གོམས་གཤིས་དེ་ང་ལེ་ཆགས་འོད། 13 ང་ལེ་སྟོབས་ཤུགས་གནང་མཁན་གྱི་བརྒྱུད་ནས་ངས་ཡེ་རེ་བགྱིད་ཐུབ་གྱོ་འོད། 14 ཡིན་ནའང་། ང་ལེ་དཀའ་ངལ་མྱོང་རྒྱ། ཁྱེད་ཀྱ་ཀྱིས་ང་ལེ་ཞལ་འདེབས་ཀྱི་རོགས་ལམ་བྱས་པི་དེ་ནི་དགའ་མོ་ཡིན་དིག 15 ངས་གཏམ་བཟང་དང་པོ་ཤོད་རྒྱ། ང་མ་ཀེ་དོན་ཡཱ་ལུང་པ་ནས་ཁ་བྲལ་ལི་རྗེས་ལེ། ཁྱེད་ཀྱ་ཀྱིས་མ་གཏོགས། ཆོས་ཚོགས་གཞན་མ་སུ་ཞིག་གིས་ཟང་། ང་ལེ་ཞལ་འདེབས་ཀྱི་རོགས་རམ་མ་བྱས་པི་དེ་ནི། ཁྱེད་ཕི་ལིབ་པི་པ་ཀྱ་ཀྱིས་ཧ་གོ་གོ་བ་ཡིན་དིག 16 ང་ཐེ་ས་ལོ་ནི་ཀེའི་རྒྱལ་ས་ལེ་འོད་རྒྱ་ཟང་། ཁྱེད་ཀྱ་ཀྱིས་ང་ལེ་ཞལ་འདེབས་ཀྱི་རོགས་རམ་ལན་མ་ཁ་ཤས་བགྱིད་མྱངས་འོད་དིག 17 ད་ལྟ་ངས་རང་གི་དོན་ལེ་ཞལ་འདེབས་ཀྱི་རོགས་རམ་འཚོལ་ལི་མན། ངས་ཁྱེད་ཀྱ་ཀྱི་དོན་ལེ་དཀོན་མཆོག་གི་དྲུང་དུ་ཕན་པའི་འབྲས་བུ་འཚོལ་གྱོ་འོད། 18 ཁྱེད་ཀྱ་ཀྱིས་ཨེ་པབ་རེ་དི་ཁོའི་བརྒྱུད་ནས་ཅི་བསྐུར་རི་དེ་འབྱོར་ཏེ། ང་ལེ་ཅི་དགོས་པ་དེ་ཡེ་རེ་འོད་དི་མ་ཟད། ལྷག་མ་ཟང་འོད་ཕེན་ངའི་ཡིད་ཚིམ་འོད། ཁྱེད་ཀྱ་ཀྱིས་བསྐུར་རི་ཞལ་འདེབས་ཀྱི་རོགས་ལམ་དེ་ནི། དཀོན་མཆོག་གི་ཐུགས་དགྱེས་པའི་དྲི་ཞིམ་གྱི་མཆོད་པ་དིང་ཅོག་འདྲ་ཡིན་དིག 19 ཡང་ངའི་དཀོན་མཆོག་གིས་རང་གི་ཕུན་སུམ་ཚོགས་པའི་གཟི་བརྗིད་དིང་བསྟུན་ཏེ། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ཁྱེད་ཀྱ་ལེ་དགོས་པ་ཅི་འོད་ཡོད་དེ་ཡེ་རེ་བསྐང་གནང་གྱི་དིག 20 འུ་ཀྱ་ཀྱི་དཀོན་མཆོག་དིང་ཡབ་ཁོང་ལེ་དུས་རྒྱུན་དུ་གཟི་བརྗིད་དིང་བསྟོད་པ་འཐོབ་པར་ཤོག ཨ་མེན། མཇུག་མཐའི་འཚམས་འདྲི། 21 སྐྱབས་མགོན་ཡེ་ཤུའི་མཚན་ནང་ལེ་དད་པ་བགྱིད་མཁན་རེ་རེ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་འོད། ང་དིང་སྐྱེན་ལེ་འོད་ཡོད་ཆོས་གྲོགས་སྤུན་ཟླ་ཀྱ་ཀྱིས་ཟང་། ཁྱེད་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདུག 22 དད་པ་བགྱིད་མཁན་ཡེ་རེ་དིང་། དམིགས་བསལ་རྒྱལ་པོ་ཆེན་པོ་སེ་བཟིར་གྱི་ཕོ་བྲང་ནང་ལེ་གཡོག་པོ་རྒྱུགས་མཁན་ཀྱ་ཀྱིས་ཟང་། ཁྱེད་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདུག 23 ཇོ་བོ་སྐྱབས་མགོན་ཡེ་ཤུའི་ཐུགས་རྗེ་གཟིགས་སྐྱོང་དེ་ནི། དུས་རྒྱུན་དུ་ཁྱེད་ཀྱ་ཀྱི་སེམས་ནང་ལེ་གནས་པར་ཤོག ། ། ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.