ཕི་ལིབ་པི་པ། 3 - དོལ་པོ།ལེའུ་གསུམ་པ། དཀོན་མཆོག་དིང་སྐྱེན་ལེ་འབྲེལ་བ་བཟང་པོ། 1 ད་མཇུག་མཐའ་མ་དེ་ལེ། ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ཇོ་བོའི་མཚན་ནང་ལེ་དགའ་སྤྲོ་གྱིས་ཤིག ངས་ཁྱེད་ཀྱ་ལེ་དོན་དེའི་སྐོར་ལེ་ཡང་དང་འབྲི་ལས་བགྱིད་རྒྱུ་ལེ་དཀའ་ངལ་མི་འདུག དེའི་སྐོར་ལེ་གཏམ་གླེང་བགྱིད་རྒྱུ་དེ་ནི་ཁྱེད་ཀྱ་ལེ་ཕན་ཐོག་ཆེན་པོ་འོད་དིག 2 ཁྱི་ཅོག་འདྲ་ཡིན་མཁན་དིང་། ལས་ངན་བགྱིད་མཁན། ཕོ་མཚན་གྱི་རྩེ་ལྤགས་ཡིན་གཅིག་མི་གཅིག་གཅོད་དགོས་འོད་དིག་ཟེར་མཁན་མི་དེ་ཀྱ་ལེ་དོགས་ཟོན་གྱིས་ཤིག 3 ཅི་ལེ་ཟེར་ནི། འུ་ཀྱ་ནི་ཕོ་མཚན་གྱི་རྩེ་ལྤགས་གཅོད་རྒྱུ་ལུགས་སྲོལ་དེ་ལེ་མི་བརྟེན་འོད་དིག དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལེ་བརྟེན་ཏེ་བསྙེར་བཀུར་བགྱིད་འོད་དི་མ་ཟད། སྐྱབས་མགོན་ཡེ་ཤུས་འུའི་དོན་ལེ་ཅི་མཛད་པ་དེ་ལེ་བརྟེན་ཏེ་དགའ་སྤྲོ་བགྱིད་འོད་དིག 4 དོན་ངོ་ཐོག་བྱས་ནི། ང་ནི་མིའི་ལུགས་སྲོལ་ལེ་བརྟེན་དགོས་པའི་རྒྱུ་མཚན་འོད། མི་གཞན་མ་ཞིག་གིས་ཁོ་རང་མིའི་ལུགས་སྲོལ་བརྟེན་དགོས་པའི་རྒྱུ་མཚན་འོད་བསམས་ནི། ཁོ་རང་ལས་ལྷག་ཚོད་ང་ལེ་མང་ང་འོད། 5 ང་ནི་སྐྱེས་ཏེ་ཉིན་བརྒྱད་པ་ལེ་ཕོ་མཚན་གྱི་རྩེ་ལྤགས་བཅད་དི་ཡིན། ཡི་སི་ར་ཨེལ་པའི་མི་རིགས་ཀྱི་ཁོངས་ལེ་གཏོགས་པི་མ་ཟད། བེན་ཡཱ་མེན་གྱི་ཚོ་ཁག་གི་ཁོངས་ལེ་གཏོགས་འོད་དི་དིང་། ཡ་ཧུ་དཱ་པའི་རིགས་རྒྱུད་དངོས་གནས་ཞིག་ཡིན། ཆོས་ཁྲིམས་ཀྱི་ཆ་ནས་བཤད་ནི། ང་ནི་ཕཱ་རུ་ཤི་པ་ཞིག་ཡིན། 6 ང་ནི་འབད་བརྩོན་གྱི་བརྒྱུད་ནས་ཆོས་ཚོགས་ལེ་མནར་གཅོད་གཏོང་མཁན་ཞིག་ཡིན་དི་མ་ཟད། ཆོས་ཁྲིམས་བསྲུང་རྒྱུ་ཆ་ནས་བཤད་ནི། ང་ནི་སྐྱོན་འཛུག་རྒྱུ་མེད་མེད་མི་ཞིག་ཡིན། 7 ཡིན་ནའང་། ངས་སྔར་ཁེ་ཕན་ལེ་བརྩིས་པི་དེ་ཡེ་རེ་ད་ལྟ་སྐྱབས་མགོན་གྱི་དོན་དུ་གྱོང་ཕོག་གི་ཞིག་ལེ་རྩི་འོད། 8 ཡང་དེ་མ་ཟད། སྐྱབས་མགོན་ཡེ་ཤུ་ངའི་ཇོ་བོ་ཁོང་ངོ་ཤེས་པ་དེ་ནི། བླ་ན་མེད་པའི་རིན་ཐང་ཆེན་པོ་ཞིག་ཡིན་ཕེན། ངས་དོན་གཞན་མ་ཡེ་རེ་གྱོང་ཕོག་གི་ཞིག་ལེ་རྩི་འོད། ཁོང་གི་ཆེད་དུ་ཡེ་རེ་སྤངས་ཏེ། ཡེ་རེ་གད་སྙིད་ཡིན་དི་རྩི་རྒྱུ་དེ་ནི། ང་ལེ་སྐྱབས་མགོན་ཐོབ་འོད་དི་མ་ཟད། 9 ཁོང་གི་ནང་ལེ་དུས་རྒྱུན་དུ་གནས་རྒྱུ་ཆེད་དུ་ཡིན། དེ་ནི་ཆོས་ཁྲིམས་སྲུང་བའི་བརྒྱུད་ནས་བྱུང་པི་མ་དིག སྐྱབས་མགོན་ལེ་དད་པ་བྱས་པའི་བརྒྱུད་ནས། ང་ལེ་དཀོན་མཆོག་དིང་འབྲེལ་བ་བཟང་པོ་དེ་ཐོབ་བྱུང་། དེ་ནི་དཀོན་མཆོག་ནས་བྱུང་པི་ཡིན་དི་མ་ཟད། ཡང་དད་པ་ལེ་བརྟེན་ཏེ་བྱུང་པི་དིག 10 དེ་ནི་ངས་སྐྱབས་མགོན་ཁོང་ངོ་ཤེས་རྒྱུ་དིང་། ཁོང་འཆི་བ་ནས་ཡང་དང་གསོན་པོ་བྱུང་བའི་ནུས་མཐུ་དེ་ཧ་གོ་འདོད་འོད་དི་མ་ཟད། ང་འཆི་བ་ལེ་མ་ཐུག་བར་དུ་ཁོང་གི་སྐྱེན་ལེ་དཀའ་ངལ་མྱོང་འདོད་འོད། 11 དེ་ནི་ཐབས་ཤེས་ཅིའི་བརྒྱུད་ནས་ང་འཆི་བ་ནས་ཡང་དང་གསོན་རྒྱུ་ཆེད་དུ་ཡིན། དམིགས་ཡུལ་འགྲུབ་རྒྱུ་ལེ་བརྩོན་འགྲུས་བགྱིད་དགོས་པ། 12 དོན་དེ་ཀྱ་ང་ལེ་ཐོབ་ཚར་འོད་ཟེར་རི་མན། ཡང་ཕུན་སུམ་ཚོགས་པོ་བྱུང་འོད་ཟང་ཟེར་རི་མན། ཡིན་ནའང་སྐྱབས་མགོན་ཡེ་ཤུས་ང་ལེ་གནང་བའི་ཁོང་གི་དགོངས་པ་ཅི་འོད་ཡོད་དེ་རང་བགྱིད་རྒྱུ་ཆེད་དུ། ངས་འབད་བརྩོན་དིང་སྡུག་རུས་བགྱིད་འོད། 13 ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ངས་དོན་དེ་ཀྱ་ཐོབ་ཚར་རི་ལེ་མི་རྩིས་འོད། ངས་འདས་ཚར་རི་དོན་དེ་ཀྱ་དྲན་པ་བརྗེད་དུ་འཇུག་སྟེ། མ་འོངས་ཀྱི་དོན་ལེ་ཅི་སྒྲུབ་དགོས་པའི་དེའི་ཆེད་དུ་འབད་བརྩོན་བགྱིད་འོད་ཕེན། 14 དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ང་ཞིང་ཁམས་ལེ་བོས་ཏེ་བྱ་དགའ་འཐོབ་རྒྱུ་ཆེད་དུ། ངས་དམིགས་ཡུལ་དེའི་ཕྱོགས་ལེ་ཤར་རེ་རྒྱུག་གྱོ་འོད། 15 འོ་དེ་ལེ་བརྟེན་ཏེ། འུ་ཀྱ་ཀྱི་ནང་ལེ་དམིགས་ཡུལ་དེ་སྨིན་ཏེ་ཡེ་རེ་སྒྲུབ་ནུས་པི་བགྱིད་མཁན་ཀྱ་ཀྱིས་ཟང་། འོ་དེ་ཅོག་འདྲ་སེམས་ལེ་བཅངས་དགོས་འོད་དིག ཡང་དོན་གཅིག་ལེ་ལྟ་བ་མི་མཐུན་འོད་ནི། དཀོན་མཆོག་གིས་ཁྱེད་ཀྱ་ལེ་གསལ་པོ་སྟོན་གནང་གྱི་དིག 16 ཡིན་ནའང་། ཐོབ་ཚར་རི་ཚད་དིང་ཅོག་འདྲ། འུ་ཀྱ་ཀྱིས་སྤྱོད་ལམ་བགྱིད་དགོས་འོད་དིག 17 ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་ང་མིག་དཔེ་དེ་ལེ་འཛིན་ཏེ། ཉེད་ཀྱ་ཀྱིས་བསྟན་པའི་མིག་དཔེ་དིང་། ཉེད་ཀྱ་ཀྱིས་མི་ཚེ་སྐྱེལ་སྟངས་དེ་ཀྱ་ལེ་ལྟོས་ཤིག 18 ཅི་ལེ་ཟེར་ནི། མི་མང་པོ་ཞིག་གིས་སྤྱོད་ལམ་ངན་པའི་བརྒྱུད་ནས་སྐྱབས་མགོན་གྱི་གདུང་མ་ཀུ་རུ་ཁའི་དགྲ་བོ་བགྱིད་འོད་དིག ངས་སྔོན་མ་ལན་མ་མང་པོ་མི་དེ་ཀྱ་ཀྱི་སྐོར་ཁྱེད་ཀྱ་ལེ་སྨྲས་ཚར་རི་མ་ཟད། ད་ལྟ་ཟང་མིག་ནས་མཆི་མ་ནར་ནར་ངང་ནས་ཟེར་ལས་བགྱིད་འོད། 19 མི་དེ་ཀྱ་རྩ་མེད་འགྲོ་ལ་ལ་ཡིན་དིག མི་དེ་ཀྱ་ཀྱི་སྐྱབས་བཅོལ་ས་དེ་ནི། རང་སོ་སོའི་གྲོད་པ་དེ་ཡིན་དི་མ་ཟད། མི་དེ་ཀྱ་ཀྱིས་བྱས་པའི་ངོ་ཚ་དེ་ནི། རང་སོ་སོའི་གཟི་བརྗིད་དེ་ཡིན་དི་ངོ་འཛིན་བགྱིད་འོད་དིག མི་དེ་ཀྱ་འཇིག་རྟེན་འདིའི་ནང་ལེ་སྡོད་དི་རིང་ལེ། རང་གི་མི་ཚེའི་དོན་ལེ་པ་རྐྱང་བསམ་བློ་གཏོང་གྱོ་འོད་དིག 20 ཡིན་ནའང་། འུ་ཀྱ་ནི་ནམ་མཁའི་ཞིང་ཁམས་ཀྱི་མི་སེར་ཡིན་དི་མ་ཟད། འུ་ཀྱ་ཀྱིས་རེ་བ་ཆེན་པོ་བྱས་ཏེ། ནམ་མཁའ་ནས་ཕེབས་གནང་མཁན་སྐྱོབ་མཁན་ཁོང་ལེ་སྒུག་བསྡད་འོད་དིག ཁོང་རང་ནི་སྐྱབས་མགོན་ཇོ་བོ་ཡེ་ཤུ་དེ་ཡིན་དིག 21 དོན་ཡེ་རེ་ཁོང་གི་དབང་འོག་ཏུ་སྡུད་ནུས་པའི་མཐུ་རྩལ་ཆེན་པོ་དེའི་བརྒྱུད་ནས། འུ་ཀྱ་ཀྱི་མི་རྟག་པའི་ལུས་པོ་འདི་ཟང་། ཁོང་གི་གཟི་བརྗིད་འོད་ཡོད་སྐུ་ལུས་དིང་ཅོག་འདྲ། ཡང་དང་གསར་པ་བཟོ་གནང་གྱི་དིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.