Online Bible

- Advertisements -



ཕི་ལིབ་པི་པ། 2 - དོལ་པོ།


ལེའུ་གཉིས་པ། སྐྱབས་མགོན་​ཡེ་ཤུས་མིག་དཔེ་བསྟན་པ།

1 འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ལེ་སྐྱབས་མགོན་​ཡེ་ཤུའི་བརྒྱུད་ནས་སྐུལ་མ་ཅི་ཞིག་ཡིན་ནའང་། བྱམས་པའི་སེམས་གསོ། དམ་པའི་ཐུགས་ཉིད་ཀྱི་མཉམ་འབྲེལ། བརྩེ་སེམས། ཐུགས་རྗེ་ཅི་ཞིག་འོད་ནའང་།

2 བློ་སེམས་གཅིག་མཐུན་གྱི་བརྒྱུད་ནས་གཅིག་གིས་གཅིག་ལེ་བརྩེ་བ་བགྱིད་རྒྱུ་དིང་། དམིགས་ཡུལ་གཅིག་མཐུན་གྱི་བརྒྱུད་ནས་ངའི་དགའ་སྤྲོ་དེ་ནུས་པར་གྱིས་ཤིག

3 ལས་ཅི་ཞིག་ཡིན་ནའང་སྒེར་​སེམས་​དིང་། ང་རྒྱལ་ཅི་གང་མེད་དི་བརྒྱུད་ནས་རང་དམའ་ས་ལེ་བོར་ཏེ། རང་ལས་ལྷག་ཚོད་མི་གཞན་ལེ་གལ་ཆེ་བ་རྩིས་ཤིག

4 མི་སུ་ཞིག་གིས་རང་གི་དོན་ལེ་པ་རྐྱང་མ་སེམས་ཏེ། མི་གཞན་གྱི་དོན་ལེ་ཟང་བསམ་བློ་གཏོང་དགོས་འོད་དིག

5 སྐྱབས་མགོན་​ཡེ་ཤུའི་བསམ་བློ་འཁྱེར་དང་ཅོག་འདྲ། ཁྱེད་ཕན་ཚུན་བར་ལེ་འཁྱེར་དགོས་འོད་དིག

6 ཁོང་དིང་དཀོན་མཆོག་ངོ་བོ་གཅིག་ཡིན་ནའང་། ། དཀོན་མཆོག་དིང་འདྲ་མཉམ་གོ་གནས་མ་འཛིན། །

7 རང་ལེ་འོད་ཡོད་གཟི་བརྗིད་ཀྱི་བགོ་སྐལ་དེ་སྤངས་ཏེ། ། རང་གིས་རང་ལེ་ཚེ་གཡོག་ཞིག་ལེ་ངོ་འཛིན་བྱས་པི་མ་ཟད། ། འཇིག་རྟེན་འདི་རུ་མིའི་གཟུགས་བླངས་ཏེ་འཁྲུངས་པི་དིག །

8 མིའི་རྣམ་པ་གྱུར་ཏེ་གོ་གནས་དམའ་ས་དེ་བླངས་པི་དིག ། དཀོན་མཆོག་​གི་​བཀའ་​ཡེ་རེ་ལེ་ཉན་གནང་བའི་བརྒྱུད་ནས། ། ཐ་ན་གདུང་མ་​ཀུ་རུ་ཁའི་ལྟག་ག་ལེ་གྲོངས་གནང་པི་དིག །

9 འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་​གིས་ཁོང་​ལེ། ། འཕགས་དུ་མེད་པའི་གནས་མཐོ་ཤོས་ལེ་དྲངས་གནང་སྟེ། ། འཕགས་དུ་མེད་པའི་མཚན་མཐོ་ཤོས་དེ་གནང་པི་དིག །

10 གནམ་ས་​བར་​གསུམ་​ལེ་གནས་མཁན་ཀུན་གྱིས། ། པུས་མོ་བཙུགས་ཏེ་ཁོང་གི་མཚན་ལེ་ཕྱག་འཚལ་ཏེ། །

11 ཁ་ནས་ཡབ་ཆེན་​དཀོན་མཆོག་ལེ་​བསྟོད་པའི་ཆེད་དུ། ། སྐྱབས་མགོན་​ཡེ་ཤུ་ནི། ། ཇོ་བོ་ཡིན་དི་མི་ཀུན་གྱིས་ཁས་ལེན་བགྱིད། ། ཟིན་གསུངས་འོད་དིག


འཇིག་རྟེན་འདི་ལེ་འོད་སྣང་འཕྲོ་བ།

12-13 འོ་དེ་ལེ་བརྟེན་ཏེ། ངའི་​གཅེས་པའི་​ཆོས་གྲོགས་སྤུན་ཟླ་ཁྱེད་ཀྱ། ཁྱེད་ཀྱ་ཀྱིས་སྔོན་མ་ངའི་ཁ་ལེ་དུས་རྟག་ཏུ་ཉན་པི་ཅོག་འདྲ། ད་ལྟ་ང་ཁྱེད་ཀྱི་ཉེ་འགྲམ་ལེ་འོད་ནའང་མེད་ནའང་། སྔོན་མ་ལས་ལྷག་ཚོད་ངའི་​ཁ་​ལེ་​ཉན་གྱོ་​འོད་​དི་མ་ཟད། ཁྱེད་ཀྱ་ཀྱིས་སྔོན་མ་​ལས་​ལྷག་​ཚོད་​གུས་གུས་ཞུམ་ཞུམ་ངང་ནས། ཁྱེད་ཀྱ་ལེ་ཐོབ་འོད་ཡོད་ཐར་པ་དེ་བསྒྲུབ་པར་བགྱིད་དགོས་འོད་དིག ཡིན་ནའང་། ཁྱེད་ཀྱ་ཀྱི་ནང་ལེ་ཕྱག་ལས་གནང་མཁན་དེ་ནི། དཀོན་མཆོག་​ཁོང་རང་ཡིན་ཕེན། ཁྱེད་ཀྱ་ཀྱིས་ཁོང་གི་ཐུགས་མཉེས་པོ་དིང་། ཁོང་གི་འདོད་པ་ཅི་འོད་ཡོད་དེ་བསྒྲུབ་པི་བགྱིད་རྒྱུ་ལེ་ནུས་པར་གནང་གྱི་དིག

14 ཁྱེད་ཀྱ་ཀྱིས་​འདོད་པ་མ་ཁེངས་པའི་སྐད་ཆ་དིང་། ཁ་རྩོད་ཅི་གང་མ་བྱས་ཏེ་ལས་ཡེ་རེ་གྱིས་ཤིག

15 དེ་ནས་ཁྱེད་ཀྱ་ལེ་སྐྱོན་བཙུགས་རྒྱུ་མེད་མེད་དིང་། ཉེས་པས་དྲི་མ་གོས་མེད་མེད་དཀོན་མཆོག་གི་སྲས་དིང་སྲས་མོ་བྱུང་སྟེ། གཡོ་ཅན་དིང་ངན་རུས་ཀྱི་མི་རབས་ནང་ནས་འཇིག་རྟེན་ལེ་འོད་སྣང་འཕྲོ་པི་​ཅོག་འདྲ།

16 ཁྱེད་ཀྱ་ཀྱིས་​ཚེ་སྲོག་གི་བཀའ་​དེ་ཡིད་ལེ་​བཅངས་ཏེ། སྐྱབས་མགོན་​ཡེ་ཤུ་ཡང་དང་​ཕེབས་​འོང་རྒྱ། ངས་​ཐང་​ཆད་​ཆད་​བྱས་​པའི་ལས་ཀྱི་འབྲས་བུ་​དེ་དོན་མེད་​ལེ་མི་འགྲོ་བ་དིང་། ང་​དགའ་སྤྲོ་ཆེན་པོ་​སྐྱེ་​རྒྱུ་ཆེད་དུ་ཡིན།

17 ཡིན་ནའང་། གལ་སྲིད་ཁྱེད་ཀྱ་ཀྱི་དད་པའི་མཆོད་པ་དིང་བསྙེན་བཀུར་གྲུབ་པའི་ཆེད་དུ། ངའི་ཁྲག་གསེར་སྐྱེམས་ལེ་ཕུལ་ལི་ཅོག་འདྲ་ཐོན་ནའང་། ང་ལེ་དགའ་རི་འོང་གི་མ་ཟད། ཁྱེད་ཡེ་རེའི་སྐྱེན་ལེ་དགའ་སྤྲོ་བགྱིད་ཀྱི་ཡིན།

18 ཁྱེད་​ཀྱ་​ཟང་​དེ་​ཅོག་འདྲ་དགའ་རི་འོང་གི་མ་ཟད། ངའི་​སྐྱེན་​ལེ་​དགའ་སྤྲོ་བགྱིད་དགོས་འོད་དིག


ཆོས་གྲོགས་​ཐི་མོ་ཐེ་དིང་ཨེ་པབ་རོ་དི་ཁོ་གཉིས་བརྫངས་པ།

19 ཁྱེད་ཀྱ་ཀྱི་གནས་ཚུལ་ཐོས་ཏེ་ང་ཟང་དགའ་རི་འོང་རྒྱུ་ཆེད་དུ། ཇོ་བོ་​ཡེ་ཤུའི་བརྒྱུད་ནས་ངས་ཆོས་གྲོགས་​ཐི་མོ་ཐེ་ཁོ་རང་། ཁྱེད་ཀྱ་ཀྱི་རྩ་ལེ་གང་མགྱོགས་རྫོང་རྒྱུ་རེ་བ་བགྱིད་འོད།

20 ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱི་དོན་ལེ་བདེན་པ་ངོ་ཐོག་སེམས་ཁུར་བགྱིད་མཁན་ཁོ་ཅོག་འདྲ་གཞན་ངའི་རྩ་ལེ་མེད།

21 ཡང་གཞན་​མ་ཡེ་རེ་ནི་རང་དོན་གྱི་ཆེད་དུ་པ་རྐྱང་​བགྱིད་དི་མ་གཏོགས། སྐྱབས་མགོན་​ཡེ་ཤུའི་​དོན་ལེ་དོ་སྣང་མི་བགྱིད་འོད་དིག

22 ཡིན་ནའང་། ཐི་མོ་ཐེ་ཁོ་རང་​ནི། བི་ས་ཞིག་གིས་ཨ་ཀྱི་ལེ་སྐྱེན་རོགས་བགྱིད་དི་ཅོག་འདྲ། ཁོས་ངའི་སྐྱེན་​ལེ་​གཏམ་བཟང་གི་ལས་ཀ་བྱས་པི་​དིག

23 འོ་དེ་ལེ་བརྟེན་ཏེ། ང་ལེ་​དོན་​ཅི་ཞིག་འབྱུང་རྒྱུ་ཡིན་དི་ཧ་གོ་ལོང་མེད། ཁོ་ཁྱེད་ཀྱ་ཀྱི་རྩ་ལེ་རྫོང་རྒྱུ་རེ་བ་བགྱིད་འོད་དི་མ་ཟད།

24 ང་རང་​ཟང་​ཇོ་བོ་ཁོང་​ལེ་​བརྟེན་​ཏེ། གང་​མགྱོགས་​ཁྱེད་ཀྱ་​འོད་​ས་​ལེ་​འོང་​ཐུབ་པའི་ཡིད་ཆེས་​འོད།

25 ངའི་​ཆོས་གྲོགས་དིང་། ངའི་ལས་རོགས། ངའི་འཐབ་རོགས། ཁྱེད་ཀྱ་ཀྱི་བང་ཆེན་དིང་། ངའི་དགོས་ཆས་གྲ་སྒྲིག་བགྱིད་མཁན་ཨེ་པབ་རོ་དི་​ཁོ་རང་། ད་ལྟ་ཁྱེད་​ཀྱ་ཀྱི་རྩ་ལེ། རང་འཇགས་ལོག་རྫོང་རྒྱུ་དེ་གལ་ཆེན་པོ་ཡིན་དིག་བསམས་བྱུང་།

26 ཅི་ལེ་ཟེར་ནི། ཁོས་ཁྱེད་ཡེ་རེ་ལེ་དྲན་སྣང་འཇུ་གུ་བགྱིད་དི་མ་ཟད། ཁོ་​ལེ་ན་ཚ་​ཕོག་​གི་​གནས་ཚུལ་​དེ་ཟང་ཁྱེད་ཀྱ་ཀྱིས་ཐོས་འོད་ཕེན། དེའི་སྐོར་ལེ་ཁོ་རང་སེམས་ཁྲལ་​འཇུ་གུ་​བགྱིད་​འདུག

27 ངོ་ཐོག་བྱས་ནི། ཁོ་ཤི་རྒྱུ་ལེ་ཐུག་པའི་ན་ཚ་​ཞིག་ཕོག་​པི་དིག ཡིན་ནའང་། དཀོན་མཆོག་​གིས་​ཁོ་​ལེ་ཐུགས་རྗེ་གཟིགས་སྐྱོང་གནང་པི་མ་ཟད། ང་ལེ་​དཀའ་ངལ་​མང་དུ་​མི་ཡོང་​པའི་ཆེད་དུ། ང་ལེ་ཟང་ཐུགས་རྗེ་གཟིངས་སྐྱོང་གནང་བྱུང་།

28 འོ་དེ་ལེ་བརྟེན་ཏེ། ངས་འཛེན་ཁོ་ཁྱེད་ཀྱ་ཀྱི་རྩ་ལེ་གང་​མགྱོགས་​རྫོང་འདོད་བགྱིད་​འོད། དེ་ནས་ཁྱེད་ཀྱ་ཀྱིས་ཁོ་ཐུག་སྟེ་དགའ་རི་​ཆེན་པོ་​འོང་​གྱི་དིག ཡང་ངའི་སེམས་ཁྲལ་དེ་ཟང་ཆུང་མ་ཉུང་དུ་འགྲོ་གྱི་དིག

29 ཁྱེད་ཀྱ་ཀྱིས་ཇོ་བོའི་མཚན་ནང་ལེ་དགའ་​སྤྲོའི་ངང་ནས་ཁོ་ལེ་སྣེ་ལེན་གྱིས་ཤིག ཁོ་ཅོག་འདྲ་མི་ཀྱ་ལེ་བསྙེར་བཀུར་བགྱིད་དགོས་འོད་དིག

30 ཅི་​ལེ​་​ཟེར་​ནི། སྐྱབས་མགོན་གྱི་ལས་དོན་ལེ། ཁོ་ཤི་རྒྱུ་ལེ་ཐུག་ལྷག་བྱས་པི་མ་ཟད། རང་སྲོག་ལེ་ཉེན་ཁ་ཆེན་པོ་འོད་ནའང་། ཁོས་ང་ལེ་ཁྱེད་ཀྱ་ཀྱི་ཚབ་བྱས་ཏེ་རོགས་རམ་བྱས་པི་དིག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Follow us:



Advertisements