Biblia Todo Logo
Online Bible

- Advertisements -




ཕི་ལིབ་པཱི་པ། 2:15 - གློ་བ།

15 དེ་ནས་ཁྱེད་ཀྱ་སྐྱོན་མེད་ཀྱིན་དང་གཙང་མ་བྱུང་རེ་འདི་མེད་དྲང་ང་དང་། སྡུག་ཅག་མི་རབས་ཀྱི་ཁོག་ཏུ་སྐྱོན་མེད་ཀྱིན་དཀོན་མཆོག་གི་སྲས་དང་སྲས་མོ་འབྱུང་བར་ཤོག།དེ་ནས་ཁྱེད་ཀྱ་འཇིག་རྟེན་དུ་ཁོང་ཀྱ་ཁོག་ཏུ་གནམ་གྱི་སྐར་མ་ཀྱ་ཅོག་རེ་ཤར་ཏེ།

See the chapter Copy




ཕི་ལིབ་པཱི་པ། 2:15
42 Cross References  

ད་ང་ཁྱེད་ཀྱ་ལ་སྤྱུང་གུ་ཀྱ་ཡི་ཁོག་ལ་ལུག་ཀྱ་ཅོག་རེ་བརྫངས་ང་ཡིན། འོ་བྱས་རེ་སྦྲུལ་ཅོག་རེ་གྲུང་པོ་དང་ཕུག་རོན་ཅོག་རེ་རྫོང་བ་འབྱུང་ཞིག།


དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། དད་པ་མི་བྱེད་མཁན་དང་ངན་པ་མི་རབས་ཀྱ་བོ། ང་ཁྱེད་ཀྱ་མུ་ལ་ག་ཚོད་ཐུག་པའི་བསྡད་གུ་ལེ། ང་ཁྱེད་ཀྱ་ལ་ནམ་ཐུག་པའི་བཟོད་པ་བྱེད་ཡས། ཁོ་ལ་ང་རྩ་རུ་འཁྲིད་དེ་ཤོག།


དེ་རེ་བྱེད་ན་ཁྱེད་ཀྱ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱེད་རི་ཡབ་ཀྱི་སྲས་དང་སྲས་མོ་འབྱུང་གི་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་མི་ངན་པ་དང་བཟང་པོ་གཉིས་ཀ་ར་ལ་རང་གི་ཉི་མ་ཤར་དུ་བཅུག་བ་ལགས། དེ་ནས་དྲང་པོ་དང་མེད་དྲང་ང་གཉིས་ཀ་རའི་ཁར་ལ་ཆར་པ་པབ་བ་མཛད་ད་ལགས།


འོ་བྱས་རེ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱོའི་ཡབ་ཕུན་སུམ་ཚོགས་པ་འོད་ཀྱིན་ཅོག་རེ། ཁྱོད་འང་ཕུན་སུམ་ཚོགས་པ་འབྱུང་དགོས་གུ་ལགས།།


ཁོང་གཉིས་ཀ་ར་དཀོན་མཆོག་གི་དྲུང་དུ་དྲང་པོ་འོད་ད་ལགས། དེ་ནས་དཀོན་མཆོག་གི་བཀའ་དང་ཁྲིམས་གི་རི་ནོར་བ་འཕྱུག་བ་མི་བྱེད་ད་བརྩིས་ལ་ལགས།


ཡིན་ནའང་རང་གི་དགྲ་ཀྱ་ལ་བརྩེ་བ་བྱེད། དེ་ནས་བཟང་ང་བྱེད། དེ་ནས་སྐྱི་པ་ལེན་ཡས་ཀྱི་རེ་བ་མི་བྱེད་ད་མི་གཞན་མ་ལ་སྐྱིས། དེ་ནས་ཁྱོད་ལ་བྱ་དགའ་ཆེ་འཐོབ་ཀྱི་ལགས། དེ་ནས་ཁྱེད་ཀྱ་བླ་ན་མེད་པའི་དཀོན་མཆོག་གི་སྲས་འབྱུང་གི་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་བཀའ་དྲིན་མེད་བསམ་གྱིན་དང་ངན་པ་ཀྱ་ལ་སྙིང་རྗེ་མཛད་ད་ལགས།


ཡོ་ཧ་ནན་ནི་འབར་གྱིན་དང་འོད་ཤར་གྱིན་མར་མེ་ཅོག་རེ་འོད་ད་ལགས། དེ་ནས་ཁྱེད་ཀྱ་ཡུན་ཐུང་ང་གཅིག་ཀ་ཁོའི་འོག་ལ་ཉམ་མོ་དགའ་ཡས་འདོད་པ་ལགས།


པེ་ཏྲོ་ཡིས་ཁོང་ཀྱ་ལ་དམི་ཅིག་གི་མང་ང་ལབ་ཀྱ་སྨྲས་རེ་དཔང་པོ་སྟེར་པ་ལགས། དེ་ནས་འོ་དེ་ཀྱ་ལ་ལྕག་བརྒྱབ་སྟེ་སྨྲས་བ་ལགས། དེང་སང་གི་མི་རིགས་སྡུག་ཅག་གི་ཁར་ལ་འོང་གིན་ཆད་པ་ནས་ཁྱོད་ཁྱོད་རང་ལ་སྐྱོབས།


ཁྱེད་རང་ཀྱ་ཁོག་ནས་རང་ཆོས་ཟོག་པོ་སྟེར་མཁན་མི་ཀྱ་འཐོན་ཏེ། གཙོ་བོའི་ཉེ་གནས་ཀྱ་ལ་ཁོ་རང་ཀྱ་ཕྱོགས་ལ་བསྒྱུར་དུ་བཅུག་གི་ལགས།


ཁྱེད་ཀྱ་ཁ་ལ་ཉན་པོ་འོད་ཀྱིན་གོ་མི་གི་རི་ལ་ཤེས་ཡས་འོད་ད་ལགས། དེ་ནས་ཁྱེད་ཀྱ་ཡིས་བྱས་རེ་ང་དགའ་སྤྲོ་བྱེད་ད་ཡིན། ཡིན་ནའང་ཁྱེད་ཀྱ་བཟང་ང་ཡིན་གྱིན་གོ་ལ་སྤྱང་ཛེ་བྱེད་ཡས་དང་། ངན་པ་ཡིན་གྱིན་གོ་ལ་སྐྱོན་མེད་ཀྱིན་འབྱུང་གིན་གོ་ང་འདོད་འདིག་འོད།


དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལྡབ་ལེ་ཕེབས་ཡས་ཡིན་གྱིན་ཉིན་མ་གོ་ལ། ཁྱེད་ཀྱ་སྐྱོན་མེད་ཀྱིན་འབྱུང་ཡས་ཀྱི་ཕྱིར་ལ། ཁོང་པ་ཡིས་ཁྱེད་ཀྱ་ལ་མཐའ་ཐུབ་པ་བརྟན་པོ་མཛད་ཀྱི་ལགས།


འོ་བྱས་རེ་གཙོ་བོས་གསུངས་བ་ལགས། ཁོང་ཀྱ་ཡི་གུང་ནས་ཐོན་ཏེ་ཤོག། དེ་ནས་ཁོང་ཀྱ་ནས་ཁྱེད་ཀྱ་ཁ་གྲོལ། མེད་གཙང་ང་གིའང་མ་འཇུ། དེ་ནས་ང་ཁྱེད་ཀྱ་ལ་ཁས་ལེན་བྱེད་ཡས་ཡིན།


དེ་རེ་མཛད་དེ་ཆོས་ཚོགས་གོ་རྨེ་བ་དང་གཉེར་མ་མེད་ཀྱིན། ཡང་ན་དེ་རེ་སྐྱོན་གིའང་མེད་ཀྱིན། ཡིན་ནའང་དམ་པ་དང་སྐྱོན་མེད་ད། དམི་ཅིག་གི་གཟི་བརྗིད་ཆེའི་སྒོ་ནས་རང་གི་དྲུང་དུ་འབུལ་ཡས་ལ་ལགས།


ཁྱེད་ཀྱ་ཡི་བཟང་ང་གི་ཡིན་གྱིན་གོ་འདམ་ཐུབ་བ་དང་། མཱ་ཤི་ཀའི་ཉིན་མ་ཐུག་པའི་གཙང་མ་དང་སྐྱོན་མེད་ཀྱིན་འོང་བར་ཤོག།


དེ་ནས་ཆོས་ལ་ཤུགས་ཆེ་བརྩིས་ཀྱིན་ལ་ལྟ་ན། ང་ནི་ཆོས་ཚོགས་ལ་སྡུག་པོ་བཏང་གིན། དེ་ནས་ཆོས་ཁྲིམས་ནང་གི་དྲང་བདེན་གྱི་སྐོར་ལ་སྨྲ་ན། ང་སྐྱོན་མེད་ཀྱིན་མི་གཅིག་ཡིན།


ད་ཞི་བདེའི་དཀོན་མཆོག་གིས་རང་ཁྱེད་ཀྱ་ནང་འོད་ཀྱིན་གི་རི་དམ་པ་མཛད་ད་ཤོག དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་བའི་གང་ལ། ཁྱེད་ཀྱ་ཡི་སེམས་ཉིད་དང་། སེམས་དང་། ལུས་གི་རི་སྐྱོན་མེད་ཀྱིན་སྲུང་བར་ཤོག


ཨེན་ལ་འོ་དེ་ཀྱ་ཡི་ཚོད་ལྟ་བྱེད། དེ་ནས་སྐྱོན་མ་ཕོག་པ་ཐོན་ན། ཁོང་ཀྱ་ལ་ཆོས་ཚོགས་ཀྱི་ཞབས་ཏོག་པ་བྱས་རེ་ལས་ཀ་བྱེད་དུ་ཆུག།


འོ་བྱས་རེ་ཆོས་ཚོགས་ཀྱི་ལྟ་རྟོག་པ་གོ་སྐྱོན་འཛུགས་གིའང་མེད་ཀྱིན་དང་། སྐྱེས་དམན་གཅིག་གི་ཁྱོ་ག། བསམ་བློ་མཐོང་ང་། ཚོད་ཟིམ་གྱིན་དང་། ཡ་རབས་བཟང་ང་དང་། མགྲོན་པོ་བསུ་ཡས་ལ་དགའ་གིན། དེ་ནས་སློབ་དཔོན་བྱེད་ཡས་ལ་མཁས་བ་འོད་ཀྱིན།


འོ་བྱས་རེ་ན་ཆུང་མ་ཡུག་ཟ་མ་ཀྱ་མནའ་མ་ལེན་ཏེ་ཕྲུ་བ་སྐྱེད། དེ་ནས་ནང་ཟིམ་ཏེ་དགྲ་ལ་སྣ་བཅད་ཡས་ཀྱི་གོ་སྐབས་མེད་སྟེར་ཡས་ལ་ང་འདོད་འདིག་འོད།


སྡིག་པ་བྱེད་མཁན་ཀྱ་ལ་མི་གི་རིའི་གདོང་དུ་ཨང་ཇི་གཏོང་། དེ་རེ་བྱེད་ན་གཞན་མ་ཀྱ་འཇིགས་ཀྱི་ལགས།


སུས་འང་ཁོང་ཀྱ་ལ་སྐྱོན་འཛུགས་མེད་བཀལ་ཡས་ཀྱི་ཕྱིར་ལ། ཁོང་ཀྱ་ལ་འདི་བསླབ་བྱ་ཀྱ་སློབ།


འགོ་ཁྲིད་གོ་སྐྱོན་མེད་ཀྱིན་དང་། སྐྱེས་དམན་གཅིག་འོད་ཀྱིན་ཁྱོ་ག་འོང་དགོས་ཀྱི་ལགས། དེ་ནས་ཁོའི་ཕྲུ་བ་ཀྱ་དད་པ་བྱེད་ཀྱིན་དང་། སྤྱོད་པ་དགའ། དེ་ནས་ཁ་ལ་ཉན་གྱིན་འོང་དགོས་ཀྱི་ལགས།


ལག་པ་གཙང་མ་དང་། བློ་བཀལ་ཐུབ་ཀྱིན་བྱུང་རེ་སྟོན་དགོས་ཀྱི་ལགས། དེ་ནས་འོ་རི་སྐྱབས་མགོན་དཀོན་མཆོག་གི་སྐོར་ལ་བསླབ་བྱ་སྟེར་ད་གོ་ལ། ག་རུ་ཡིན་ན་ཁོང་ཀྱ་ཡིས་གུས་ཞབས་བྱེད་ཀྱི་ལགས།


དེ་བསླབ་བྱ་ཀྱ་སློབས། ཁྱོད་རི་དབང་ཆ་གི་རི་ནས་བསླབ་བྱ་ཤུགས་ཆེ་སྟེར། དེ་ནས་ཨང་ཇི་གཏོང་། རང་ལ་སུས་འང་ང་འཇིན་བྱེད་དུ་མ་ཆུག །།


དེ་ནས་དམ་པ་དང་། སྐྱོན་མེད་ཀྱིན་དང་། གཙང་མ་དང་། སྡིག་ཅན་ཀྱ་ནས་ཁ་བྲལ་བྲ་དང་། ནམ་མཁའི་ཞིང་ཁམས་ནས་མཐོ་བ་མཛད་ཛ་གཙོ་མཆོད་དཔོན་གཅིག་འོ་རང་ལ་འོང་དགོས་ཡས་འོད་ད་ལགས།


དེ་ནས་དད་པ་མི་བྱེད་མཁན་ཀྱ་ཡི་ཁོག་ཏུ་སྤྱོད་པ་བཟང་པོ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ངན་པ་བྱེད་ཀྱིན་སྨྲས་རེ་སྐྱོན་བཅུག་བའི་གང་ལ། ཁོང་ཀྱ་ཡིས་ཁྱེད་ཀྱི་ལས་བཟང་ང་ཀྱ་མཐོང་བར་ཤོག། དེ་ནས་དཀོན་མཆོག་ཕེབས་ཡས་ཉིན་མ་ལ་ཁོང་ཀྱ་ཡིས་ཁོང་པ་ལ་བསྟོད་པ་འབུལ་ལ་ཤོག།


ཡིན་ནའང་ཁྱེད་ཀྱ་ནི་བདམས་ད་བརྒྱུད་པ་དང་། རྒྱལ་བོ་རིགས་ཀྱི་མཆོད་དཔོན་དང་། མི་རིགས་དམ་པ་དང་། དཀོན་མཆོག་གི་རང་གི་མི་ཀྱ་ལགས། དེ་ནས་ཁོང་པ་ཡི་ཧང་སང་གིན་གྱི་ཕྱག་ལས་ཀྱ་གསལ་བསྒྲགས་བྱེད་ཡས་ལ། མུན་ནག་ནས་ཁོང་གི་ཧང་སང་གིན་གྱི་འོད་ནང་ལ་ཁྱེད་ཀྱ་བོས་བ་ལགས།


འོ་བྱས་རེ་གཅེས་བའི་ཀྱ་བོ། ཁྱེད་ཀྱ་དོན་དེ་ཀྱ་ལ་སྒུག་སྟེ་བསྡད་ཀྱིན་བྱས་རེ། དཀོན་མཆོག་གི་དྲུང་དུ་དྲི་མ་མེད་ཀྱིན་དང་། སྐྱོན་མེད་ཀྱིན་དང་། ཞི་བདེ་ལ་ཐུག་ཡས་ཀྱི་ཆེད་དུ་གི་ཐུབ་ཐུབ་ཐབས་ཤེས་བྱེད།


འོ་བྱས་རེ་ཁྱོད་ག་ནས་ཧ་ལ་མ་ལ་ལྷིམ་གྱིན་གོ་ཁྱོད་ག་མོ་མ་བསམ་བློ་གཏོང་། དེ་ནས་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། དེ་ནས་ཨེན་མ་ཁྱོས་གི་བྱེད་ཀྱིན་གོ་རང་བྱེད། ཁྱོས་དེ་རེ་བྱས་རེ་རང་གི་སེམས་སྒྱུར་བ་མེད་བཏང་ན། ང་ཁྱོད་རྩ་རུ་འོང་ང་ཡིན། དེ་ནས་ཁྱོའི་ཀྱུང་གོ་ལ་འོ་དེའི་གོག་ས་ནས་བཏོན་ཡས་ཡིན།


ལྟོས་དང་། བདུད་སཱ་ཏན་གྱིས་ཚོགས་ཁང་གི་ཡིན་གྱིན། དེ་ནས་རང་ལ་ཡ་ཧུ་དཱ་པ་མིན་ད་ཡིན་སྨྲས་རེ་སྨྲ་མཁན་ཟོག་པོ་ཀྱ་ལ་ང་ཁྱེད་ཀྱ་རྩ་རུ་འོང་དུ་བཅུག་སྟེ། ཁྱེད་ཀྱི་རྐང་པའི་གདོང་དུ་ཕྱག་འཚལ་རུ་བཅུག་ཡས་ཡིན། དེ་ནས་ངས་ཁྱེད་ཀྱ་ལ་བརྩེ་བ་བྱེད་ཀྱིན་གོ་ཁོང་ཀྱ་ཡིས་ཧ་གོ་གི་ལགས།


Follow us:

Advertisements


Advertisements