21 གི་བྱས་རེ་སྨྲ་ན་ངའི་ཆེད་དུ་གསོན་པོ་བསྡད་ཡས་ཀྱི་དོན་ནི་མཱ་ཤི་ཀ་ལགས། དེ་ནས་འཆི་བ་ནི་ཁེ་སང་ལགས།
མཱ་ཤི་ཀ་ཡེ་ཤུའི་ནང་ཁྱེད་ཀྱ་འོད་ཀྱིན་དེ་དཀོན་མཆོག་གིས་བྱས་རེ་ལགས། དེ་ནས་མཱ་ཤི་ཀ་ནི་འོ་རི་དོན་ལ་དཀོན་མཆོག་ནས་འོ་རི་ཤེས་རབ་དང་། འོ་རི་དྲང་བདེན་དང་། འོ་རི་དམ་པ་དང་། འོ་རི་ཐར་ལམ་བྱུང་བ་ལགས།
འོ་དེ་གོ་པའུ་ལུ་ཡིན་ན། ཨ་པོལ་ལོས་ཡིན་ན། ཀེ་ཕཱས་ཡིན་ན། འཇིག་རྟེན་ཡིན་ན། ཚེ་སྲོག་ཡང་ན་འཆི་བ་ཡིན་ན། ད་ལྟ་ཡང་ན་མ་འོངས་པར་ཡིན་ན། དོན་གི་རི་ཁྱེད་ཀྱ་ཡི་ལགས།
གི་བྱས་རེ་སྨྲ་ན་འོ་རི་ལུས་ནི་འདི་འཇིག་རྟེན་དུ་གནས་ས་གུར་ཅོག་རེ་ལགས། དེ་ནས་གུར་དེ་བཤིག་ན། འོ་རི་ཆེད་དུ་མིའི་ལག་པས་བཟོས་ཟ་མིན་ད། ཡིན་ནའང་ནམ་མཁའི་ཞིང་ཁམས་དུ་དུས་རྟེན་དུ་གནས་ཀྱིན་ཁང་པ་དཀོན་མཆོག་གིས་གནང་འོད་ད་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས།
འོ་བྱས་རེ་འེ་ཀྱ་ལ་ཙོག་བའི་ཡིད་ཆེས་བརྟན་པོ་འོད། དེ་ནས་འདི་ལུས་ནང་དུ་གནས་ཀྱིན་ཐུག་པའི་འོ་རང་གཙོ་བོ་ནས་ཐག་རིང་ང་འོད་ད་ལགས་སྨྲས་རེ་འོ་རང་ལ་ཤེས་ཡས་འོད་ད་ལགས།
འེ་ཀྱ་ལ་ཡིད་ཆེས་བརྟན་པོ་འོད། དེ་ནས་ལུས་ནས་ཁ་བྲལ་རེ་གཙོ་བོ་མུ་ལ་གནས་ཡས་གོ་འེ་ཀྱ་འདོད་འདིག་འོད།
ང་མཱ་ཤི་ཀ་མུ་ལ་རྒྱང་ཤིང་ལ་ཤི་བའི། ད་དེ་ནས་ཧ་ལ་ང་རང་འཚོ་བ་བསྐྱལ་ལ་མིན་ད། མཱ་ཤི་ཀ་ངའི་ནང་དུ་འཚོ་བ་བསྐྱལ་ལ་ལགས། ད་ད་ལྟ་ང་ལུས་ལ་འཚོ་བ་བསྐྱལ་གྱིན་མི་ཚེ་འདི་ང་ལ་བྱམས་པ་བྱེད་མཁན་དང་། ངའི་ཕྱིར་ལ་རང་གི་སྐུ་སྲོག་བློས་བཏང་མཁན་དཀོན་མཆོག་གི་སྲས་ལ་དད་པ་བྱས་རེ་བསྐྱལ་ལ་ཡིན།
ང་རང་རང་ལ་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་རྒྱང་ཤིང་ལ་མ་ན། གཞན་མ་གི་ལ་ངོམ་རྒྱུ་མི་འབྱུང་བར་ཤོག། ཁོང་པ་ཡི་རྒྱང་ཤིང་གི་སྒོ་ནས་ངའི་ཕྱིར་ལ་འཇིག་རྟེན་དང་ང་འཇིག་རྟེན་གྱི་ཕྱིར་ལ་ཤི་བ་ཡིན།
ངའི་སེམས་ནང་གི་འདོད་པ་དང་རེ་བ་ནི་ང་ལ་ངོ་ཚ་པབ་ཀྱིན་ག་ནས་མི་འབྱུང་བ། ཡིན་ནའང་སྙིང་ཆེ་འབྱུང་རེ་གསོན་པོ་ཡང་ན་འཆི་བ་འོད་ན། ངའི་ལུས་ནང་ཙོག་བའི་ཅོག་རེ་ད་ལྟ་མཱ་ཤི་ཀའི་གུས་ཞབས་འབྱུང་ཡས་ལགས།
ད་ང་ལུས་ལ་གསོན་པོ་བསྡད་ཡས་ཡིན་ན། འོ་དེ་ངའི་ཆེད་དུ་དོག་པོ་འོད་ཀྱིན་དཀའ་ལས་འབྱུང་གི་ལགས། གི་ཡིན་ན་ང་གི་འདམ་དགོས་ཡས་གོ་ངས་མེད་ཤེས་འོད།
ང་འདི་གཉིས་བོའི་ཁོག་ཏུ་ཆུད་དེ་བསྡད་འོད། ང་འདི་འཇིག་རྟེན་ནས་འདའ་རེ་མཱ་ཤི་ཀ་མུ་ལ་འབྱུང་ཡས་གོ་ངའི་འདོད་པ་འོད། གི་བྱས་རེ་སྨྲ་ན་དེ་དམི་ཅིག་གི་དགའ་འདུག།
མི་གཞན་མ་ཀྱ་ནི་ཡེ་ཤུ་མཱ་ཤི་ཀའི་དོན་ལ་མིན་ད། རང་གི་དོན་དག་གཅིག་ཀ་བཙལ་ལི།
དེ་ནས་ཁྱེད་ཀྱ་ཡི་ཚེ་སྲོག་ཡིན་གྱིན་མཱ་ཤི་ཀ་མངོན་ཏེ་གང་ལ། ཁྱེད་ཀྱའང་ཁོང་པ་མུ་ལ་གཟི་བརྗིད་ནང་དུ་མངོན་གྱི་ལགས།
དེ་ནས་ནམ་མཁའི་ཞིང་ཁམས་ནས་དེ་རེ་གསུང་སྐད་གཅིག་ངས་གོ་སོང་། དེ་རེ་བྲིས། ད་དེ་ནས་ཧ་ལ་གཙོ་བོ་ལ་དད་པ་བྱས་རེ་གྲོངས་མཁན་ཀྱ་བྱིན་རླབས་ཆེ་ལགས། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་གསུངས་ང་ལགས། ལགས། ཁོང་ཀྱ་རང་གི་དཀའ་ལས་ནས་ངལ་གསོ་གི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡི་ལས་ཀའི་བྱ་དགའ་ཁོང་ཀྱ་ལ་གནང་གི་ལགས།