Biblia Todo Logo
Online Bible

- Advertisements -




پھیلیپیپا 3:2 - Ladakhi

2 ཁྱི༌ ཙོགས༌, ངན༌པ༌ ལས༌ ཅོ༌ཁན༌, ཐར༌པ༌ ཐོབ༌ཅེས༌སི༌ ཕིའ༌ སུན༌ནད༌ ཅོ༌གོས༌ ཟེར༌ཁན༌ནི༌ འི༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཀ༌ནེ༌ ཤང༌ ཅོ༌ཤིག༌།

See the chapter Copy

New Testament in Ladakhi Langage

2 کھیی ژوگس، نگانپا لاس چوکھان، تھارپا تھوبچیسّی پھیا لقپہ ہلژخمہ چوگوس زیرکھانّی ای یہُودی پاگونّی کانے شانگ چوسشیگ۔

See the chapter Copy




پھیلیپیپا 3:2
31 Cross References  

ཏེ༌ཏུས༌ལ༌ མི༌ མང༌པོའེ༌ ངའེ༌ ནང༌ང༌ ཏད༌པ༌ ཅོ༌ཁན༌བོ༌ ཕང༌ཨིན༌ ཡང༌ ཁོ༌རང༌ ཅིག༌ དང༌ ཅིག༌ག༌ ནཕ༌རད༌ ཅོས༌ཏེ༌ གྲ༌འོའེ༌ ལག༌ག༌ སྟད༌ཨིན༌།


“ལུང༌སྟོན༌པ༌ ཟུས༌མ༌གུན༌ནི༌ ཀ༌ནེ༌ ཤང༌ ཅོ༌ཤིག༌, ནོད༌པ༌ མི༌སྐྱལ༌ཁན༌ནི༌ ལུ༌གུའ༌ ཟུས༌ཏེ༌ ཁོང༌གུན༌ ཁྱོ༌ཞའེ༌ ཕྲོའ༌ ཡོང༌ཨིན༌, ཨིན༌ནའང༌ སེམས༌སི༌ ནང༌ང༌ ཁོང༌གུན༌ ནོད༌སྐྱལ༌ ཇིགས༌ནང༌ཅན༌ནི༌ ཤང༌ཀུ༌ ཙོགས༌ ཡོད༌ཏེ༌ ཨིན༌ནོག༌།


“ཏམ༌པ༌ ཨིན༌ཁན༌བོ༌ ཁྱི༌གུན༌ལ༌ མ༌ཏང༌ ཀལ༌ཏེས༌ ཏང༌ན༌ ཏེ༌གུན༌ ཁྱོ༌ཞ༌ ཆོགས༌ལ༌ གྱུར༌ཏེ༌ སྲན༌ཏྲེ༌ ཐམས༌ཨིན༌། མུ༌ཏིག༌ རིན༌ཅན༌ ཕག༌གུན༌ནི༌ དུན༌ལ༌ མ༌ཕང༌ ཀལ༌ཏེས༌ ཕང༌ན༌ ཕག༌གུན༌ནི༌ ཏེ༌བོ༌ རྐང༌པའེ༌ ཡོག༌ག༌ ནན༌ཏེ༌ གྲུལ༌ཨིན༌།”


ཁྱོ༌ཞའ༌ ཟུགས༌སི༌ ཐོག༌ནེ༌ ཡ༌ཧུ༌དཱ༌པའེ༌ ཕ༌མ༌ནེ༌ སྐྱེས༌ཏེ༌ ཨིན༌ཅེས༌, ཡ༌ ཁྱོ༌ཞ༌གུན༌ལ༌ ཡ༌ཧུ༌དཱ༌པའེ༌ ལུག༌སྲོལ༌ ནང༌ཞིན༌ སུན༌ནད༌ ཅོ༌ཅེས༌པོའེ༌, ཁྱོ༌ཞ༌གུན༌ དེན༌བའེ༌ ཡ༌ཧུ༌དཱ༌པ༌ རིག༌ གྱུར༌ར༌ མ༌ནོག༌།


ཁོང༌གུན༌ མ༌ཤི༌ཀའེ༌ ཟུས༌མ༌ སྐུ༌ཚབས༌གུན༌ ཨིན༌ནོག༌། ཁོང༌གུན༌ནི༌ སྐྱོན༌ཇན༌ནི༌ ལས༌གུན༌ ཅོ༌ཨིན༌, མ༌ཤི༌ཀའེ༌ སྐུ༌ཚབས༌ ཨིན༌ཟུན༌ ཏང༌ང༌ནོག༌།


ངའེ༌ ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞ༌གུན༌ རང༌ཝང༌ཅན༌ནི༌ མི༌ཚེའེ༌ ཕུད༌ད༌ལ༌ བོད༌ད༌ ཛད༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ ཏེ༌ རང༌ཝང༌བོ༌ ཁྱོ༌ཞ༌གུན༌ནི༌ སྡིག༌པའེ༌ དོད༌པ༌གུན༌ དྲན༌དྲ༌ གྲུབ༌ཅེས༌སི༌ སྐབས༌ཤིག༌གི༌ ཚུལ༌ལ༌ མ༌ཀོལ༌ཤིག༌། ཏེ༌ སང༌ཏ༌, ཏེ༌ རང༌ཝང༌བོ༌ ཁྱོ༌ཞ༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཅེས༌པའེ༌ ནང༌ང༌ ཞབས༌ཏོག༌ ཞུ༌ཅེས༌སི༌ ཕིའ༌ ཀོལ༌ཤིག༌།


ཨིན༌ནའང༌ ཀལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ཤང༌ཀུ༌ ཙོགས༌ལ༌ ཅིག༌ དང༌ ཅིག༌ག༌ མ༌སྐྱོན༌ ཅོ༌ཅེས༌ དང༌ ནོད༌པ༌ སྐྱལ༌ན༌, ཤང༌ ཅོ༌ཤིག༌, ཏེ༌ མ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཅིག༌ དང༌ ཅིག༌ ཁྲེས༌ཏོར༌ ཅོ༌ཨིན༌།


ང༌དང༌གུན༌ནི༌ བྲེལ༌ མ༌ཤི༌ཀ༌ ཡེ༌ཤུ༌ ཉམ༌པོ༌ ཡོད༌ པ༌སང༌, སུན༌ནད༌ ཅོ༌ཁན༌ ཡ༌ མ༌ཅོ༌ཁན༌ནི༌ ནང༌ང༌ ཅའང༌ ཁྱད༌ མེད༌པ༌ ཨིན༌ནོག༌། ཁག༌ཅན༌ ནི༌, ཏད༌པ༌བོ༌ ཅེས༌པའེ༌ ནང༌ང༌ སྟན༌ཅེས༌པོ༌ ཨིན༌ནོག༌།


ཁོང༌གུན༌ མེད༌ཁན༌ ཆ༌ཅེས༌སི༌ ཆོགས༌ལ༌ ཆེན༌ ཨིན༌ནོག༌, གྲོད༌པ༌བོ༌ ཁོང༌གུན༌ནི༌ དཀོན༌མཆོག༌ ཨིན༌ནོག༌, ཁོང༌རང༌གུན༌ནི༌ ཁྲེལ༌མེད༌དི༌ ལས༌གུན༌ནི༌ཀ༌ ཕོ༌སོ༌ ཅོའ༌ནོག༌, ཇིག༌རྟེན༌པའེ༌ ཁག༌ཅན༌ ཐེ༌ཁན༌གུན༌ནི༌ སྐོར༌ལ༌ ཁོང༌གུན༌ནི༌ ཏུས༌གྱུན༌ སམ༌བ༌ ཏང༌ང༌ནོག༌།


ང༌དང༌ ནི༌: སེམས༌ལ༌ སུན༌ནད༌ ཛད༌ཏེ༌ དཀོན༌མཆོག༌གི༌ དེན༌བའེ༌ མི༌གུན༌, ཁོང༌ངི༌ ཐུག༌ཉིད༌ གྱུད༌ཏེ༌ ཅོལ༌ཁན༌, ཡེ༌ཤུ༌ མ༌ཤི༌ཀའེ༌ ང༌དང༌ངི༌ ཕིའ༌ ཛད༌ཁན༌གུན༌ལ༌ སྟོད༌པ༌ ཕུལ༌ཁན༌ དང༌ ཇིག༌རྟེན༌པའེ༌ ལུག༌སྲོལ༌གུན༌ནི༌ཀ༌ ལོ༌ཁྱེལ༌ མ༌ཅོ༌ཁན༌གུན༌ ཨིན༌ནོག༌།


མ༌ཤི༌ཀའེ༌ ནང༌ང༌ ཁྱོ༌རང༌ངི༌ ཏད༌པ༌བོ༌ སྟན༌པོ༌ ཐམས༌ཏེ༌ དུག༌, ཡང༌ ཁྱོ༌རང༌ངི༌ སེམས༌ ནོངས༌མེད༌ བོར༌, ཅིའ༌ཟེར༌ན༌ མི༌ ཁ༌ཅིག༌གི༌ འི༌ ལབ༌ཞ༌བོ༌ ཕངས༌པ༌, ཁོང༌གུན༌ནི༌ ཏད༌པ༌བོ༌ ཁྲེས༌ཏོར༌ སོང༌ཏེ༌ ཨིན༌ནོག༌།


ཏེ༌ཙོགས༌སི༌ མི༌གུན༌ནི༌ ཟེར༌ར༌ནོག༌, ཁོང༌གུན༌ནི༌ དཀོན༌མཆོག༌ ཤེས༌སད༌། ཨིན༌ནའང༌ ཁོང༌གུན༌ནི༌ ལས༌གུན༌ ཅོ༌ ཚུལ༌ལ༌ ལྟ༌ན༌, དཀོན༌མཆོག༌གི༌ སྟིང༌རང༌ནེ༌ མ༌གྲུལ༌ཁན༌བོ༌, ཤེས༌དུག༌། ཁོང༌གུན༌ ནཕ༌རད༌ཅན༌ དང༌ ཁའ༌མི༌ཉན༌ ཡང༌ ཁོང༌གུན༌ལ༌ ཅའང༌ ལས༌ ཟང༌པོ༌ ཅོ༌ཉན༌ན༌ མ༌ནོག༌།


ཁོང༌གུན༌ནི༌ ཕིའ༌ ཏ༌ འི༌ ཏམ༌སྤེ༌བོ༌ ཁྲོད༌ད༌ནོག༌, “ཁྱི༌ཞིག༌ རང༌ངི༌ སྐྱུགས༌པ༌ ཟའ༌ལ༌ ལོགས༌ཏེ༌ ཆའ༌ནོག༌།” ཡང༌ “ཕག༌ ཁྲུས༌ཏེ༌ སྟིང༌ནེ༌ ལྡམ༌པ༌ལག༌གི༌ ནང༌ང༌ དྲེས༌ས༌ལ༌ ལོགས༌ཏེ༌ ཆའ༌ནོག༌།”


ངའེ༌ ཏེ༌བོ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌, ཅིའ༌ཟེར༌ན༌ ངན༌པ༌ མི༌ ཁ༌ཅིག༌ ཁྱོ༌ཞ༌གུན༌ནི༌ ཆོས༌ཚོགས༌སི༌ ནང༌ང༌ སང༌ཝའེ༌ ཐོག༌ནེ༌ དྲེས༌ ཚར༌ཏེ༌ ཨིན༌། ཏེ༌གུན༌ནི༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ ཏོན༌བོ༌ གྱུར༌ཏེ༌ ང༌དང༌གུན༌ལ༌ ངན༌པའེ༌ མི༌ཚེ༌ ཕུད༌ཅེས༌སི༌ རང༌ཝང༌ ཡོད༌ཏེ༌ ཨིན༌ནོག༌ ཟེར༌ར༌ནོག༌། ཏུས༌ མང༌པོ༌ཞིག༌གི༌ སྔུན༌ལ༌ ཏེ༌ཟུག༌ མི༌གུན༌ལ༌ ཆད༌པ༌ ཕོག༌ཅེས༌སི༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ང༌དང༌གུན༌ནི༌ གྱལ༌པོ༌ དང༌ གཙོ༌བོ༌ ཅིག༌པོ༌ ཞུགས༌ཁན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའ༌ ངོ༌ལོག༌ ཅོ༌རུག༌།


ཁྱོ༌ཞ༌གུན༌ལ༌ རྡུག༌ངལ༌ དང༌ རྡུག༌པོ༌ ཡོད༌ཁན༌བོ༌ ང༌ གྱུས༌ཡོད༌, ཨིན༌ནའང༌ སེམས༌ཉིད༌དི༌ ཐོག༌ནེ༌ ཁྱོ༌ཞ༌གུན༌ ཆུག༌པོ༌ དུག༌། ཁོ༌རང༌གུན༌ལ༌ ཡ༌ཧུ༌དཱ༌པ༌ ཟེར༌ཁན༌གུན༌ནི༌, ཁྱོ༌ཞ༌གུན༌ནི༌ སྕོད༌པའེ༌ སྐོར༌ལ༌ ངན༌པ༌ ཟེར༌ཁན༌བོའང༌ ང༌ གྱུས༌ཡོད༌། ཁོང༌གུན༌ དཀོན༌མཆོག༌གི༌ མན༌པ༌, ཤེ༌ཏན༌ནི༌ ཆོས༌ཚོགས༌ ཨིན༌ནོག༌།


ཨིན༌ནའང༌ ཟུན༌ ཏང༌ཁན༌ ཚང༌མ༌, ཇིགས༌བུད༌, ཏད༌པ༌ མེད༌ཁན༌, ཚི༌ཏུ༌ སྕོད༌པ༌, མི༌སད༌, ལུས༌བྲེལ༌ ངན༌པ༌, ཆོས༌ངན༌ ཅོ༌ཁན༌ དང༌ སྐུན༌དྲ༌ ཅོལ༌ཁན༌ གུན༌ མུ༌ཟི༌ མེའ༌ ཞེན༌ཨིན༌ ཡོད༌ཁན༌ནི༌ ཚོའེ༌ ནང༌ང༌ ཕང༌ཨིན༌, ཀ༌བོའ༌ ཤི༌ཅེས༌ ཉིས༌པ༌ ཟེར༌རད༌།”


ཆོས༌ངན༌ ཅོ༌ཁན༌, ལུས༌བྲེལ༌ ངན༌པ༌ ཅོ༌ཁན༌, མི༌སད༌, སྐུན༌དྲ༌ ཅོལ༌ཁན༌, ཟུན༌མ༌ ཏམ༌པའེ༌ མི༌ཚེ༌ ཕུད༌ཁན༌, ཏེ༌ ཁྱི༌ ཙོགས༌གུན༌ གྱལ༌སའེ༌ ཕི༌ལོག༌ག༌ ལུས༌ཨིན༌།”


ལྟོས༌ཤིག༌, དཀོན༌མཆོག༌གི༌ མི༌ ཨིན༌ ཟེར༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ ཟུན༌ཇན༌ ཨིན༌ནོག༌, ཁོང༌གུན༌ དཀོན༌མཆོག༌གི༌ མན༌པ༌, ཤེ༌ཏན༌ནི༌ ཆོས༌ཚོགས༌ནེ༌ ཨིན༌ནོག༌། ངའེ༌ ཁོང༌གུན༌ལ༌ ཁྱོ༌ཞ༌གུན༌ནི༌ རྐང༌པའ༌ ཐམས༌ཏེ༌ ཁྱོ༌ཞ༌གུན༌ ངའེ༌ ཅེས༌པ༌ ཅོ༌ཁན༌ནི༌ མི༌གུན༌ ཨིན༌ ཟེར༌ཅུག༌ཨིན༌།


Follow us:

Advertisements


Advertisements