ཡེར་མི་ཡཱ 9:7 - Tibetan Old Testament 20117 དེ་ཡི་རྐྱེན་གིས་གཙོ་བོ་དཀོན་མཆོག་ནི། ཀུན་དབང་ཅན་གྱི་ཁོང་གིས་བཀའ་གནང་གསལ། ང་ཡི་རང་གི་མི་མང་ལྕགས་རིགས་ལྟར། སྤུས་གཙང་བཟོ་ཞིང་དེ་ལ་རྟགས་དཔྱད་བྱེད། ང་ཡི་མི་མང་ངན་པའི་ལས་གྱིས་ནས། དེ་མིན་ང་ཡི་དེ་ཚོར་ཅི་བྱེད་ཐུབ། Viz kapitolaNew Tibetan Bible བོད་འགྱུར་གསར་མ།7 དེ་བས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་དེ་རྣམས་གཙང་མར་བཟོ་བ་དང་ཚོད་བགམ་བྱེད་པར་འགྱུར། བདག་གི་འབངས་མིའི་ཆེད་དུ་ངས་དེ་ལས་གཞན་ཅི་ཞིག་སྤྱོད་འོས་སམ། Viz kapitola |