ཤ་མུ་ཨེལ་གཉིས་པ། 19:28 - Tibetan Old Testament 201128 ངའི་ཕ་བརྒྱུད་ཐམས་ཅད་ཁྱེད་ཀྱི་ཕྱག་འོག་ཏུ་ཤི་དགོས་པར་འོས་པ་ཡིན་ཀྱང་། ཁྱེད་ཀྱིས་ང་ལ་སྐུ་ཉིད་དང་ལྷན་དུ་གསོལ་ལྕོག་གཅིག་གི་ཁར་བསྡད་ནས་ཁ་ཟས་ཟ་ཆོག་པའི་གོ་སྐབས་གནང་བྱུང་། ད་ངས་རྒྱལ་པོ་ཁྱེད་ལ་དེ་ལས་ལྷག་པའི་བཀའ་དྲིན་ཞིག་གནང་རོགས་གནང་ཞེས་ཞུས་པའི་དབང་ཆ་ང་ལ་མེད། Viz kapitolaNew Tibetan Bible བོད་འགྱུར་གསར་མ།28 བདག་གི་ཕ་རྒྱུད་ཐམས་ཅད་ནི་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོའི་དྲུང་དུ་ཤི་འོས་པའི་མི་ལྟ་བུ་ཡིན་ཡང་། རྒྱལ་པོ་ཁྱེད་ཀྱིས་ཞབས་ཕྱི་བདག་ནི་ཁྱེད་ཀྱི་གསོལ་ལྕོག་ལས་ཟས་སྤྱོད་པའི་གྲལ་དུ་བཅུག་པས། ད་ནི་བདག་ལ་རྒྱལ་པོར་འོ་དོད་འབོད་པའི་དབང་ཞིག་གང་དུ་ཡོད་ཅེས་ཞུས་པ་དང་། Viz kapitola |