སྔོན་རབས་གཉིས་པ། 25:8 - Tibetan Old Testament 20118 ཁྱེད་ཀྱི་ཐུགས་ལ་དེ་ཚོས་དམག་སར་ཁྱེད་ལ་སྟོབས་ཤུགས་ཆེར་རུ་གཏོང་གི་རེད་བསམ་གྱི་ཡོད་དམ། འོན་ཀྱང་རྒྱལ་བ་དང་ཕམ་ཉེས་གཏོང་གནང་རྒྱུའི་མཐུ་སྟོབས་དེ་གཙོ་བོ་དཀོན་མཆོག་ཁོང་ལ་ཡོད་པ་དང་། ཁོང་གིས་ཁྱེད་ཀྱི་དགྲ་བོ་ཚོས་ཁྱེད་ལ་ཕམ་པར་བྱེད་དུ་བཅུག་གནང་གི་རེད་ཅེས་ཞུས་སོ། Viz kapitolaNew Tibetan Bible བོད་འགྱུར་གསར་མ།8 ཇི་སྟེ་ཁྱོད་ཅིས་ཀྱང་འགྲོ་དགོས་ན། སོང་ནས་དཔའ་ངར་བསྐྱེད་དེ་འཐབ་ན་ཡང་དཀོན་མཆོག་གིས་ཁྱོད་ནི་ཕ་རོལ་པོའི་མདུན་དུ་ཕམ་པར་མཛད་ངེས། གང་ལ་ཞེ་ན། དཀོན་མཆོག་ལ་སྐྱབས་མཛད་པའི་དབང་ཡོད་ལ། ཕམ་པར་མཛད་པའི་དབང་ཡང་ཡོད་ཅེས་བསྒོས་པ་དང་། Viz kapitola |