གྲངས་ཀ 4:32 - New Tibetan Bible བོད་འགྱུར་གསར་མ།32 ཁྱམས་ར་མཐའ་འཁོར་གྱི་ཀ་བ་དང་། ཞབས་ར་དང་། ཕུར་བ་དང་། ཆོན་ཐག་དང་། དེ་ལ་གཏོགས་པའི་ལག་ཆ་དང་སྤྱོད་ཆས་ཐམས་ཅད་འཁུར་དགོས་པ་དང་། དེ་དག་གིས་འཁུར་དགོས་པའི་ཡོ་བྱད་རྣམས་ནི་མིང་གིས་བཟུང་ནས་རེ་རེ་བཞིན་གཏན་ཁེལ་བྱེད་དགོས་སོ། ། Viz kapitolaTibetan Old Testament 201132 དེ་བཞིན་དབུ་གུར་དམ་པའི་ཁྱམས་རའི་མཐའ་འཁོར་གྱི་ཀ་བ་རྣམས་དང་ཞབས་འདན་རྣམས་དང་། ཕུར་པ་རྣམས་དང་ཐག་པ་རྣམས་དང་། དེ་དག་ཡར་འགྲེང་ཕྱིར་མཁོ་བའི་ཡོ་བྱད་རྣམས་འཁྱེར་བའི་ལས་འགན་ནི་སྐྱེས་པ་རེ་རེའི་ཡིན་ནོ། Viz kapitola |