གྲངས་ཀ 21:3 - New Tibetan Bible བོད་འགྱུར་གསར་མ།3 དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ཀྱི་ཞུ་བ་གསན་ནས། ཀ་ན་ཨན་པ་རྣམས་དེ་དག་གི་ལག་ཏུ་གཏད་ཅིང་། དེ་དག་གིས་ཀ་ན་ཨན་པ་རྣམས་དང་དེ་ཚོའི་གྲོང་ཁྱེར་རྣམས་རྩ་ནས་བཤིགས་པས། གནས་དེའི་མིང་ལ་ཧོར་མཱ་ཞེས་བཏགས་སོ། ། Viz kapitolaTibetan Old Testament 20113 གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཞུ་བར་གསན་ཏེ། ཀ་ནན་པ་འཕམ་པར་བྱེད་ཕྱིར་ཁོ་ཚོར་རོགས་གནང་བས། ཨིསི་རཱཨེལ་པ་ཚོས་དེ་དག་དང་དེ་ཚོའི་གྲོང་ཁྱེར་རྣམས་ཡོངས་སུ་རྩ་མེད་བཟོས་ནས་གནས་དེའི་མིང་ལ་ཧོར་མཱ་ཞེས་བཏགས་སོ༎ Viz kapitola |