མི་ཀཱ 1:10 - New Tibetan Bible བོད་འགྱུར་གསར་མ།10 གཱད་ཀྱི་ནང་དུ་འཕྲིན་དེ་མ་བསྒྲག་ཅིག ངུ་ཡང་མ་ངུ་ཞིག པེད་ལེ་ཨབ་རཱ་རུ་ས་རྡུལ་ནང་དུ་འགྲེ་ལོག་རྒྱག་དགོས། Viz kapitolaTibetan Old Testament 201110 ང་ཚོར་ཕམ་རྒུད་བྱུང་བའི་སྐོར། གྲོང་ཁྱེར་གྷད་ལ་ཡོད་པའི་ང་ཚོའི་དགྲ་བོ་རྣམས་ལ་མ་ཤོད་ཅིག དེ་ཙམ་མ་ཟད་ཁྱོད་ཚོ་ངུ་བ་དེའང་ཁོ་ཚོས་མཐོང་དུ་མ་ཆུག་ཅིག ཀྱེ་བྷེད་ལིཕེ་རཱའི་མི་མང་རྣམས། ཁྱོད་ཚོ་གནས་སྟངས་ཐབས་སྡུག་པོ་ཞིག་གི་ནང་དུ་ཡོད་པ་དེ་སྟོན་པའི་ཕྱིར་ས་ལ་འགྲེ་ལོག་རྒྱོབ་ཅིག Viz kapitola |