ལོ་ཀུ 23:35 - New Tibetan Bible བོད་འགྱུར་གསར་མ།35 མི་རྣམས་ཀྱང་གནས་དེར་འགྲེངས་ནས་ལྟ་བཞིན་འདུག༌ལ། འགོ་དཔོན་རྣམས་ཀྱང་ན༌རེ། ཁོས་མི་གཞན་རྣམས་བསྐྱབས་མྱོང༌མོད། འོན་ཀྱང་ཁོ་ནི་དཀོན་མཆོག་གིས་བདམས་པའི་སྐྱབས་མགོན་མཱ་ཤི་ཀ་ཡིན༌ན། རང་ཉིད་སྐྱོབ་ཐུབ་པ་ལོས་ཡིན་ཞེས་འཕྱ་སྨོད་བྱས་པ༌དང༌། Viz kapitolaTibetan Modern gSungrab གསུང་རབ།35 མི་ཚོགས་ཀྱིས་ས་ཆ་དེར་བལྟས་ནས་བསྡད། དཔོན་རིགས་ཀྱིས་ཀྱང་ཁོང་ལ་འཕྱ་དམོད་བྱེད་དེ་“ཁོས་གཞན་རྣམས་བསྐྱབས་ཏེ་ཁོ་ནི་དཀོན་མཆོག་གིས་བདམས་པའི་སྐྱབས་མགོན་མཱ་ཤི་ཀ་ཡིན་ན། རང་ཉིད་སྐྱོབ་པར་བྱོས་ཤིག་”ཅེས་བཤད། Viz kapitola |