ལེ་ཝི 7:14 - New Tibetan Bible བོད་འགྱུར་གསར་མ།14 ཕུལ་བའི་མཆོད་པ་རྣམས་ལས་བག་ལེབ་གཅིག་རེ་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་འབུལ་བ་སྟེ། ཞི་བདེའི་མཆོད་པའི་ཕྱུགས་ཟོག་གི་ཁྲག་གཏོར་མཁན་མཆོད་དཔོན་ལ་དབང་དགོས་སོ། ། Viz kapitolaTibetan Old Testament 201114 གོང་གསལ་བག་ལེབ་སྣ་རེ་རེ་ལས་ཆ་ཤས་ཤིག་བླངས་ཏེ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། དེ་ནི་དུད་འགྲོའི་ཁྲག་འཁྱེར་ནས་མཆོད་ཁྲིའི་ཁར་གཏོར་མཁན་གྱི་བླ་མ་ལ་ཐོབ་རྒྱུ་ཡིན་ནོ། Viz kapitola |