ལེ་ཝི 15:31 - New Tibetan Bible བོད་འགྱུར་གསར་མ།31 དེ་བས་ཁྱོད་ཅག་གིས་ཡེས་ར་ཨེལ་པ་རྣམས་ཁོ་ཚོའི་མི་གཙང་བ་རྣམས་ལས་ལོགས་སུ་འགེར་དགོས། དེ་ལྟར་མ་བྱས་ཚེ་དེ་དག་གིས་བདག་གི་གུར་མཆོག་ཁོ་ཚོའི་ཁྲོད་དུ་ཡོད་པ་དེ་བཙོག་པར་བྱ་ཞིང་། ཁོ་རང་ཚོའི་མི་གཙང་བ་དེའི་རྐྱེན་གྱིས་འཆི་ཉེན་ཡོད་ཅེས་པའོ་ཞེས་བཀའ་བསྩལ་ཏོ། ། Viz kapitolaTibetan Old Testament 201131 སྒར་གྱི་དབུས་སུ་ཡོད་པའི་ཁོང་གནས་པའི་དབུ་གུར་དམ་པ་དེ་ལ་ཨིསི་རཱཨེལ་པ་ཚོས་རང་གི་གྲིབ་རྩོག་སོགས་ཀྱི་མི་གཙང་བ་མ་བྱེད་པའི་ཕྱིར་དེ་དག་ལ་ཟོན་བསྐུལ་བྱེད་དགོས་ཅེས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་ངོ་། གལ་ཏེ་ཁོང་གནས་པའི་དབུ་གུར་དམ་པ་དེ་མི་གཙང་བར་བྱེད་པ་ཡིན་ན་དེ་ཚོ་ཤི་ངེས་པ་ཡིན་ནོ། Viz kapitola |