ཡོ་ཤུ་ཨ 24:8 - New Tibetan Bible བོད་འགྱུར་གསར་མ།8 ངས་ཁྱོད་རྣམས་ཁྲིད་དེ་ཡོར་དན་གཙང་པོའི་ཤར་ཏུ་ཨེ་མོར་པ་རྣམས་གནས་པའི་ཡུལ་ལ་སླེབས་ཤིང་། ཁོ་ཚོ་ནི་ཁྱོད་རྣམས་དང་འཐབ་པ་ན། ངས་ཁོ་ཚོ་ཁྱོད་རྣམས་ཀྱི་ལག་ཏུ་སྤྲད་པས་ཁོ་ཚོའི་ཡུལ་ནི་ཁྱོད་རྣམས་ལ་ས་སྐལ་དུ་ཐོབ་པ་དང་། ངས་ཁྱོད་རྣམས་ཀྱི་སྔུན་ནས་ཁོ་ཚོ་རྩ་མེད་དུ་བཏང་། Viz kapitolaTibetan Old Testament 20118 ངས་ཁྱོད་ཚོ་ཡོར་དན་ཤར་ཕྱོགས་སུ་སྡོད་མི་ཨ་མོར་པ་ཚོའི་ཡུལ་དུ་འཁྲིད་ཡོང་བ་ཡིན། དེ་ཚོས་ཁྱོད་ཚོའི་ཐོག་ཏུ་དམག་འཐབ་བྱས་ཀྱང་ངས་ཁྱོད་ཚོར་རྒྱལ་ཁ་སྤྲད་པ་ཡིན། ཁྱོད་ཚོས་ཁོ་ཚོའི་ཡུལ་དེ་བདག་འཛིན་བྱས་ནས། ཁྱོད་ཚོ་འགྲུལ་སྐྱོད་བྱེད་སྐབས་ངས་ཁོ་ཚོ་ཚར་བཅད་པ་ཡིན། Viz kapitola |