Online Bible

- Reklamy -




ཡོ་ནཱ། 4:2 - New Tibetan Bible བོད་འགྱུར་གསར་མ།

2 དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ་པ་ནི། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ང་རང་ཡུལ་དུ་ཡོད་དུས་འདི་ལྟར་ཞུས་པ་མ་ཡིན་ནམ། ཁྱེད་ནི་དཀོན་མཆོག་ཐུགས་རྗེ་ཅན་དང་། སྙིང་རྗེ་ཆེན་པོ་མངའ་བ། རང་དགར་ཐུགས་མི་ཁྲོ་བ། བྱམས་བརྩེ་མཐའ་ཡས་པ། བློ་ཁ་བསྒྱུར་ནས་ཆག་སྒོ་མི་མཛད་པའང་ངས་ཤེས་པས། སྔོན་ཆད་བདག་ཐཱར་ཞིས་གྲོང་ཁྱེར་དུ་བྲོས་པ་ཡིན།

Viz kapitola kopírovat

Tibetan Old Testament 2011

2 དེར་བརྟེན་སྨོན་ལམ་འདེབས་ཤིང་། ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་དེ་ཀ་རང་གནང་ཡོང་ཞེས་ངས་སྔར་རང་ཡུལ་ནས་མ་ཐོན་གོང་དུ་མ་ཞུས་སམ། དེ་འདྲ་སོང་ཙང་ང་ཨིསི་པེན་ཡུལ་དུ་བྲོས་པ་ཡིན། ཁྱེད་ནི་བྱམས་པ་དང་སྙིང་རྗེ་གནང་མཁན་དང་། ཐུགས་བཟོད་ཆེ་ཞིང་རྒྱུན་དུ་ཐུགས་རྗེ་གནང་མཁན། ངན་པར་ཉེས་ཆད་གནང་བར་ཐུགས་སེམས་སྒྱུར་བ་ལ་རྒྱུན་དུ་གྲ་སྒྲིག་ཡོད་པའི་དཀོན་མཆོག་ཡིན་པ་དེ་ནི་ངས་སྔར་ནས་ཤེས་ཀྱི་ཡོད།

Viz kapitola kopírovat




ཡོ་ནཱ། 4:2

Následuj nás:

Reklamy


Reklamy