ཡེར་མི་ཡཱ 34:14 - New Tibetan Bible བོད་འགྱུར་གསར་མ།14 གལ་ཏེ་ཨིབ་རི་པའི་སྤུན་ཞིག་ཁྱོད་ལ་བཙོངས་ནས་ལོ་དྲུག་གི་རིང་དུ་ཁྱོད་ལ་ཞབས་ཕྱི་བསྒྲུབས་པ་ཡིན་ན། ལོ་བདུན་པར་ཁྱོད་རྣམས་མི་རེ་རེས་དེར་རང་དབང་སྤྲད་ནས་ཕྱིར་གཏོང་དགོས་ཞེས་བསྒོས་ཀྱང་། ཁྱོད་ཅག་གི་མེས་པོ་རྣམས་ཀྱིས་བདག་ལ་མ་མཉན་པ་དང་དོ་སྣང་ཙམ་ཡང་མེད་དོ། ། Viz kapitolaTibetan Old Testament 201114 ལོ་བདུན་རེ་མཚམས་ལ་ཨིབ་རི་པའི་ཚེ་གཡོག་དེ་ཚོ་ལ་ལོ་དྲུག་རིང་གཡོག་རྒྱུ་མཁན་རྣམས་རང་དབང་དུ་གཏོང་དགོས་སྨྲས་ཡོད། འོན་ཀྱང་ཁྱོད་ཚོས་ཕ་མེས་ཚོས་ང་ལ་དོ་སྣང་གང་ཡང་མ་བྱས་པ་དང་ངས་བཤད་པར་ཉན་མེད་དོ། Viz kapitola |