ཡེར་མི་ཡཱ 15:8 - New Tibetan Bible བོད་འགྱུར་གསར་མ།8 དེ་དག་གི་ཡུགས་མོ་རྣམས་ནི་ངའི་མདུན་དུ་རྒྱ་མཚོའི་བྱེ་མ་ལས་ཀྱང་མང་སྟེ། ངས་ཉིན་གུང་ལ་སྲོག་ལེན་མཁན་འོང་དུ་བཅུག་ནས། གཞོན་ནུ་རྣམས་ཀྱི་མ་རྣམས་འཇོམས་པར་བྱེད་ཅིང་། སྡུག་བསྔལ་དང་འཇིགས་སྣང་གཉིས་ཀ་གློ་བུར་མོའི་སྟེང་ལ་སླེབ་པར་བྱ། Viz kapitolaTibetan Old Testament 20118 རྒྱ་མཚོའི་འགྲམ་གྱི་བྱེ་མའི་གྲངས་ཀ་ལས། ཁྱོད་ཚོའི་ཡུལ་ནང་ཡུགས་ཟ་མ་ནི་མང་། ཁྱོད་ཚོའི་ན་གཞོན་དར་མའི་སྐབས་བསད་ནས། དེ་ཚོའི་མ་རྣམས་སྡུག་བསྔལ་མྱོང་དུ་བཅུག། དེ་ཚོར་བློ་བུར་སེམས་ནད་འཇིགས་སྐྲག་ཕབ། Viz kapitola |