ཡེར་མི་ཡཱ 10:13 - New Tibetan Bible བོད་འགྱུར་གསར་མ།13 ཁོང་གིས་གསུང་སྐད་འདོན་དུས་ནམ་མཁའ་ནས་ཆུ་རྣམས་འཕྱུར་ཞིང་། ཁོང་གིས་ས་མཐའ་ནས་སྤྲིན་དང་སྨུག་པ་ལང་བར་མཛད་པ་དང་། ཆར་བ་དང་ཆབས་ཅིག་གློག་དམར་འཁྱུག་པར་མཛད། ཉིད་ཀྱི་གཏེར་མཛོད་རྣམས་ལས་རླུང་ཡང་འདོན་ནོ། ། Viz kapitolaTibetan Old Testament 201113 ཁོང་གི་བཀའ་ཡིས་ནམ་མཁའི་སྟེང་དུ་ནི། ཆུ་བོ་རྣམས་ནི་འུར་སྒྲ་སྒྲོགས་པར་བྱེད། ས་གཞིའི་མཐའ་ནས་སྤྲིན་པ་འཁྱེར་བ་དང་། ཁོང་གིས་ཆར་ནང་གློག་ནི་འཁྱུགས་པར་མཛད། རང་གི་བང་མཛོད་ནང་ནས་རླུང་གཏོང་མཛད། Viz kapitola |