ཡེ་ཤ་ཡཱ 5:20 - New Tibetan Bible བོད་འགྱུར་གསར་མ།20 ངན་པ་ལ་བཟང་པོ་ཞེས་དང་བཟང་པོ་ལ་ངན་པ་ཞེས་འབོད་ཅིང་། འོད་ཀྱི་ཚབ་ཏུ་མུན་པ་དང་མུན་པའི་ཚབ་ལ་འོད་སྣང་འཇོག་པ་དང་། ཁ་མོའི་ཚབ་ཏུ་མངར་མོ་དང་མངར་མོའི་ཚབ་ལ་ཁ་མོ་འཇོག་མཁན་དག་ལ་ཆག་སྒོ་འབྱུང་། Viz kapitolaTibetan Old Testament 201120 ཁྱོད་ཚོ་འཇིགས་པ་ཡིན། ཁྱོད་ཚོས་ངན་པར་བཟང་པོ་དང། བཟང་པོར་ངན་པ་བརྗོད་ཀྱི་ཡོད། ཁྱོད་ཚོས་མུན་པ་འོད་དུ་འགྱུར་བ་དང་འོད་དེ་མུན་པར་འགྱུར་ཡོད། ཁྱོད་ཚོས་ཁ་ཏིག་མངར་མོ་བཟོ་བ་དང་མངར་མོ་ཁ་ཏིག་བཟོ་བཞིན་ཡོད་དོ། Viz kapitola |