ཡེ་ཤ་ཡཱ 14:1 - New Tibetan Bible བོད་འགྱུར་གསར་མ།1 དཀོན་མཆོག་ཡ་ཝཱེས་ཡ་ཀོབ་ལ་ཐུགས་རྗེ་དགོངས་ནས་ཡེས་ར་ཨེལ་སླར་ཡང་བདམས་ཤིང་། དེ་དག་རང་ཡུལ་དུ་བདེ་བར་སྡོད་དུས། ཕྱི་རོལ་པ་རྣམས་ཁོ་ཚོ་དང་འདྲེས་ནས་ཡ་ཀོབ་ཀྱི་ཁྱིམ་རྒྱུད་དུ་གཏོགས་པར་འགྱུར། Viz kapitolaTibetan Old Testament 20111 གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ལ་སླར་ཡང་སྙིང་རྗེ་གནང་ནས། དེ་ཚོར་ཁོང་རང་ཆེད་དུ་འདམས་གནང་ངོ། ཁོང་གིས་དེ་ཚོ་རང་གི་ཡུལ་དུ་སླར་ཡང་སྡོད་འཇུག་གནང་བ་དང། ཕྱི་རྒྱལ་བ་ཚོ་ཡང་དེར་ཡོང་ནས་ཁོ་ཚོ་དང་མཉམ་དུ་སྡོད་པར་འགྱུར། Viz kapitola |