ག་ལད་ཡཱ་པ། 6:1 - New Tibetan Bible བོད་འགྱུར་གསར་མ།1 སྤུན་ཟླ༌རྣམས། ཁྱོད་རྣམས་ལས་མི་ཞིག་གློ་བུར་སྡིག་པའི་དབང་དུ་ལྷུང༌བ་ཡིན་ན། དམ་པའི་ཐུགས་ཉིད་དང་ལྡན་པ་ཁྱོད་རྣམས་ཀྱིས་ཞི་འཇམ་གྱི་སེམས་དང་བཅས་མི་དེ་བསྐྱབ་འོས་སོ།། འོན༌ཀྱང༌། ཁྱོད་རྣམས་བསླུ་བྲིད་ཀྱི་དབང་དུ་མི་ལྷུང་བའི་ཕྱིར་རང་གིས་ཀྱང་སེམས་ཆུང་བྱ་འོས། Viz kapitolaTibetan Modern gSungrab གསུང་རབ།1 སྤུན་ཟླ་རྣམས། མི་ཞིག་གིས་དཀོན་མཆོག་གི་བཀའ་དང་འགལ་ན། དམ་པའི་ཐུགས་ཉིད་དང་ལྡན་པ་རྣམས་ཀྱིས་འཇམ་པོའི་ངང་ནས་ཁོ་སླར་གསོ་བྱེད་དགོས། ཁྱེད་ཚོ་ཡང་བསླུ་བར་མི་འགྱུར་བའི་ཕྱིར་དོགས་ཟོན་གྱིས་ཤིག Viz kapitola |