སྡེབ་ཐོན 8:29 - New Tibetan Bible བོད་འགྱུར་གསར་མ།29 མོ་ཤེ་ཡིས་འདི་ལྟར། ལྟོས་དང་། ང་རང་འདི་ནས་སོང་མ་ཐག་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་འདེབས་པར་བྱ་སྟེ། སང་ཉིན་སྦྲང་ནག་གི་ཁྱུ་ཚོགས་ཕཱར་ཨོལ་དང་ཁོའི་འཁོར་གཡོག་རྣམས་དང་། འབངས་མི་རྣམས་དང་འབྲལ་བར་གྱུར་ཅིག་ཅེས་ཞུ་བ་ཡིན་མོད། འོན་ཀྱང་མི་རྣམས་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་བར་འགྲོ་རུ་མི་འཇུག་པའི་གཡོ་སྒྱུའི་སྦྱོར་བ་ནི་ཕཱར་ཨོལ་གྱིས་ཡང་བསྐྱར་སྤེལ་མི་རུང་ཞེས་སྨྲས་སོ། ། Viz kapitolaTibetan Old Testament 201129 མོ་ཤེས། ངས་ད་ལྟ་ཁྱེད་ཀྱི་དྲུང་ནས་ཕྱིན་ཏེ་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་ཤིང་། སང་ཉིན་རང་སྦྲང་མའི་ཚོགས་རྣམས་ཁྱེད་དང་ཁྱེད་ཀྱི་ལས་བྱེད་པ་རྣམས་དང་། ཁྱེད་ཀྱི་མི་དམངས་རྣམས་ལས་མེད་པར་བྱེད་བཅུག་གི་ཡིན། འོན་ཀྱང་ཁྱེད་ཀྱིས་ང་ཚོ་ལ་ཡང་སྐྱར་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་འགྲོ་མི་འཇུག་པའི་གཡོ་ཐབས་སོགས་གང་ཡང་མ་གནང་རོགས་གནང་ཞེས་ཞུས་སོ། Viz kapitola |