སྡེབ་ཐོན 4:1 - New Tibetan Bible བོད་འགྱུར་གསར་མ།1 དེ་ཡང་མོ་ཤེ་ཡིས་འདི་ལྟར་ལན་ཞུས་པ་སྟེ། ཡེས་ར་ཨེལ་པ་རྣམས་ཀྱིས་བདག་ལ་ཡིད་མི་ཆེས་ཤིང་ངའི་གཏམ་ལའང་མཉན་མི་སྲིད་ལ། དཀོན་མཆོག་ཡ་ཝཱེ་ནི་ཁྱོད་ལ་མངོན་པར་མ་མཛད་ཅེས་སྨྲ་ངེས་ཡིན་ཞེས་པ་དང་། Viz kapitolaTibetan Old Testament 20111 དེ་ནས་མོ་ཤེས་ཞུས་ལན་དུ། ཨིསི་རཱཨེལ་པ་ཚོས་ང་ལ་ཡིད་མ་ཆེས་པ་དང་། ངས་སྨྲས་པའི་སྐད་ཆ་དེ་མ་ཉན་ན། ཁོ་ཚོས་ང་ལ་ཁྱེད་ཀྱིས་ང་ལ་མངོན་པར་གནང་ཡོད་མ་རེད་ཟེར་ན། ངས་ག་རེ་བྱེད་དགོས་བཅས་ཞུས་སོ། Viz kapitola |