སྡེབ་ཐོན 11:10 - New Tibetan Bible བོད་འགྱུར་གསར་མ།10 མོ་ཤེ་དང་ཨ་རོན་གཉིས་ཀྱིས་ཕཱར་ཨོལ་གྱི་མདུན་དུ་དོན་ངོ་མཚར་ཅན་དེ་ཐམས་ཅད་བསྟན་ནའང་། དཀོན་མཆོག་ཡ་ཝཱེས་ཕཱར་ཨོལ་གྱི་སེམས་གྱོང་པོར་མཛད་དེ། ཁོས་ཡེས་ར་ཨེལ་པ་རྣམས་རང་གི་ཡུལ་ནས་འགྲོ་རུ་མ་བཅུག་གོ ། Viz kapitolaTibetan Old Testament 201110 རྒྱལ་པོའི་མདུན་དུ་མོ་ཤེ་དང་ཨ་རོན་གྱིས་ལྟས་འདི་ཚོ་ཚང་མ་བསྟན་ནོ། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་རྒྱལ་པོའི་སེམས་ད་དུང་གྱོང་པོར་མཛད་པས། ཁོས་ཨིས་རཱཨེལ་པ་ཚོ་ལ་ཡུལ་ནས་འགྲོར་མ་བཅུག་གོ། Viz kapitola |