བཀའ་ལུང་། 8:18 - New Tibetan Bible བོད་འགྱུར་གསར་མ།18 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་རྣམས་ཀྱིས་དྲན་དགོས་ཏེ། ཅི་ལ་ཞེ་ན། ཁོང་གིས་དེ་རིང་མཛད་པ་ནང་བཞིན་ཁྱོད་ཅག་གི་མེས་པོ་རྣམས་ལ་མནའ་བཞེས་ཏེ་མཛད་པའི་ཞལ་ཆད་བརྟན་པོར་བཟོ་བའི་ཆེད་དུ། ཁྱོད་རྣམས་ཕྱུག་པོ་ཆགས་པའི་ནུས་པ་ནི་ཁོང་གིས་གནང་བ་ཡིན་ནོ། ། Viz kapitolaTibetan Old Testament 201118 ཕྱུག་པོར་འགྱུར་བའི་ནུས་པ་གནང་མཁན་དེ་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཁོང་རང་ཉིད་ཡིན་པ་དེ་དྲན་གསོ་བྱོས་ཤིག ཁོང་གིས་དེ་ལྟར་གནང་དགོས་དོན་ནི། སྔར་ཁོང་གིས་ཁྱོད་ཚོའི་མེས་པོ་རྣམས་དང་དམ་བཅའ་གནང་བ་དེར་ཁོང་ད་དུང་ཡང་དམ་ཚིག་ཅན་ཡོད་པའི་རྐྱེན་གྱིས་ཡིན་ནོ། Viz kapitola |