བཀའ་ལུང་། 3:21 - New Tibetan Bible བོད་འགྱུར་གསར་མ།21 སྐབས་དེར་ངས་ཡོ་ཤུ་ཨ་ལ་འདི་ལྟར་བསྒོས་ཡོད་དེ། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་རྒྱལ་པོ་དེ་གཉིས་ལ་ཅི་ཞིག་མཛད་པ་ཁྱོད་ཀྱིས་དངོས་སུ་མཐོང་ཡོད། ཁོང་གིས་ཁྱོད་འགྲོ་བར་འགྱུར་བའི་རྒྱལ་ཁམས་ཀུན་ལའང་དེ་བཞིན་མཛད་ངེས། Viz kapitolaTibetan Old Testament 201121 དེ་རྗེས་ངས་ཡོ་ཤུ་ཨ་ལ་བཀའ་བསྒོས་བྱས་ཏེ། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་སྔར་རྒྱལ་པོ་སི་ཧོན་དང་ཨོག་གཉིས་ལ་གང་གནང་བ་དེ་ཁྱོད་ཀྱིས་མཐོང་ཡོད་པས། ཁྱོད་ཚོས་དབང་འཛིན་བྱས་པའི་ཡུལ་མི་རྣམས་ལའང་ཁོངགིས་དེ་བཞིན་གནང་ངེས་སོ། Viz kapitola |