བཀའ་ལུང་། 2:14 - New Tibetan Bible བོད་འགྱུར་གསར་མ།14 རང་ཅག་ཀཱ་དེའེ་ཤཱ་པར་ནེ་ཨ་དང་བྲལ་ནས་ཟེ་རེད་གྲོག་རོང་བརྒལ་བའི་བར་དུ་ལོ་སུམ་ཅུ་སོ་བརྒྱད་འགོར་བ་དང་། ཡང་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ལ་མནའ་བཞེས་པ་ནང་བཞིན་དུས་རབས་དེའི་དམག་མི་ཐམས་ཅད་སྒར་ཁ་རུ་གཤེགས་པ་ཡིན། Viz kapitolaTibetan Old Testament 201114 དེ་ནི་ང་ཚོས་ཀ་དྷེཤི་བར་ནེ་ཨ་ནས་འཐོན་ཏེ་ལོ་ངོ་གསུམ་བཅུ་སོ་བརྒྱད་སོང་བའི་རྗེས་སུ་གནས་ཚུལ་དེ་བྱུང་བ་ཡིན་ནོ། སྔར་གཙོ་བོ་དཀོན་མཆོག་གིས་གསུངས་པ་ལྟར། མི་ཐོག་སྔ་མའི་འཐབ་འཛིང་བྱེད་མཁན་དཔའ་བོ་ཚང་མ་བསད་ཚར་ཡོད་དོ། Viz kapitola |