བཀའ་ལུང་། 12:21 - New Tibetan Bible བོད་འགྱུར་གསར་མ།21 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མཚན་འགོད་པར་བདམས་པའི་གནས་དེ་ཁྱོད་རྣམས་དང་རྒྱང་ཐག་རིང་དྲགས་ན། ངས་ཁྱོད་རྣམས་ལ་བསྒོས་པའི་བཀའ་བཞིན་དུ། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གནང་བའི་བ་གླང་དང་ར་ལུག་འགའ་བཤས་ཏེ་རང་གི་གྲོང་རྡལ་དུ་འདོད་པ་བཞིན་ཟོས་ཆོག Viz kapitolaTibetan Old Testament 201121 མཆོད་འབུལ་བྱེད་སའི་གནས་དེ་ས་ཐག་རིང་པོར་ཡོད་པ་ཡིན་ན། ཁྱོད་ཚོས་ག་དུས་ཡིན་རུང་རང་གི་འདོད་མོས་བཞིན་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་གནང་བའི་བ་ཕྱུགས་སམ་ལུག་དག་བསད་ནས་ངས་སྨྲས་པ་བཞིན་སོ་སོའི་ནང་དུ་ཤ་དེ་ཟ་ཆོག Viz kapitola |