དྷ་ནི་ཨེལ 7:1 - New Tibetan Bible བོད་འགྱུར་གསར་མ།1 པེལ་ཤཱ་ཙར་ནི་པཱ་པེལ་ལོན་གྱི་རྒྱལ་པོར་བསྡད་པའི་སྲིད་ལོ་དང་པོ་དེར། དཱ་ནེ་ཨེལ་གྱིས་རང་གི་མལ་ཁྲིའི་སྟེང་རྨི་ལམ་ཞིག་རྨིས་ཤིང་སེམས་སུ་ཞལ་གཟིགས་རྣམས་མཐོང་བ་དང་། རྨི་ལམ་ཁྲོད་ཀྱི་ཞལ་གཟིགས་རྣམས་མདོར་བསྡུས་ངང་ཡི་གེར་བཀོད་ཅིང་། Viz kapitolaTibetan Old Testament 20111 བྷེལ་ཤ་ཛར་གྱིས་བྷེ་བྷི་ལོ་ནི་ཡ་དུ་རྒྱལ་སྲིད་སྐྱོང་བའི་ལོ་དང་པོར། ངས་མཚན་མོའི་རྨི་ལམ་ཞིག་གི་ནང་ཞལ་གཟིགས་ཤིག་མཐོང་བྱུང་། ངས་རྨི་ལམ་དེ་བཞིན་ཡིག་ཐོག་ཏུ་བཀོད་པ་ནི་གཤམ་གསལ་ལྟར་ཡིན་ནོ། Viz kapitola |