ཤ་མུ་ཨེལ་གཉིས་པ། 18:14 - New Tibetan Bible བོད་འགྱུར་གསར་མ།14 དེར་ཡོ་ཨབ་ཀྱིས། ངས་ཁྱོད་ཀྱི་རྩར་འདི་ལྟར་དུས་འགྱང་བྱེད་མི་ནུས་ཞེས་སྨྲས་པ་དང་། མདུང་གསུམ་ལག་ཏུ་ཐོགས་ནས་ཨབ་ཤཱ་ལོམ་ད་དུང་བེ་ཤིང་གི་སྟེང་དུ་དཔྱངས་ནས་གསོན་པའི་དུས་སུ་ཁོའི་སྙིང་བརྟོལ་བར་བྱས་སོ། ། Viz kapitolaTibetan Old Testament 201114 དེ་ནས་ཡོ་ཨབ་ཀྱིས། ད་ངས་ཁྱོད་དང་མཉམ་དུ་དོན་མེད་གླེང་མོལ་བྱེད་དེ་དུས་ཚོད་འཕྲོ་བརླག་གཏོང་གི་མིན་ཞེས་སྨྲས་སོ། དེ་ནས་ཁོང་གིས་མདུང་གསུམ་བླངས་ནས། གསོན་པོར་བེ་ཤིང་ཁར་འཁོན་ཡོད་པའི་ཨབ་ས་ལོམ་གྱི་བྲང་ལ་བཙུགས་པ་དང་། Viz kapitola |