རྒྱལ་རབས་གཉིས་པ། 5:22 - New Tibetan Bible བོད་འགྱུར་གསར་མ།22 ཁོས་ལན་དུ། བདེའོ། །ངའི་བདག་པོས་ང་རང་བརྫངས་ཏེ་ཁྱེད་ལ། ལྟོས་དང་། ད་ལྟ་ལུང་སྟོན་པའི་སློབ་བུ་རྣམས་ལས་གཞོན་ནུ་གཉིས་ཨེ་ཕཱར་ཡིམ་གྱི་རི་ནས་ངའི་རྩར་སླེབས་པས། དེ་དག་གི་ཕྱིར་དངུལ་རྡོ་ཚད་གཅིག་དང་གོས་ཁ་ཚང་གཉིས་སྦྱིན་པར་མཛོད་ཅིག་ཅེས་གསུངས་སོ་ཞུས་པས། Viz kapitolaTibetan Old Testament 201122 གྷེ་ཧ་ཛིས། ནོར་འཁྲུལ་གང་ཡང་བྱུང་མ་སོང་། འོན་ཀྱང་ངའི་སྦྱིན་བདག་གིས་ཁྱོད་ལ་ད་ལྟ་རང་རི་བརྒྱུད་ཀྱི་ཡུལ་ཨེཕ་ར་ཡིམ་གྱི་ལུང་སྟོན་པ་གཉིས་སླེབས་ནས། ཁོང་གིས་ཁྱོད་ལ་ཁོ་ཚོར་དངུལ་དུམ་བུ་གྲངས་ ༣,༠༠༠ དང་གོས་བརྗེས་ལེན་ལེགས་པ་ཚ་ཚང་གཉིས་འབུལ་དགོས་ཞེས་ང་ལ་བཏང་གནང་བྱུང་ཞེས་སྨྲས་པས། Viz kapitola |