རྒྱལ་རབས་གཉིས་པ། 10:21 - New Tibetan Bible བོད་འགྱུར་གསར་མ།21 ཡེ་ཧུས་ཡེས་ར་ཨེལ་གྱི་ཡུལ་ཀུན་ཏུ་བང་ཆེན་མངགས་པས། པཱ་ཨལ་ལ་ཞབས་ཕྱི་སྒྲུབ་མཁན་ཐམས་ཅད་འོངས་པ་སྟེ། མི་ཡོང་བ་གཅིག་ཀྱང་མེད་ལ། དེ་རྣམས་པཱ་ཨལ་གྱི་མཆོད་ཁང་དུ་འཛུལ་ཏེ། པཱ་ཨལ་གྱི་མཆོད་ཁང་ནི་ཚུར་རོལ་ནས་ཕ་རོལ་བར་དུ་བཀང་བར་གྱུར་ཏོ། ། Viz kapitolaTibetan Old Testament 201121 དེ་ནས་ཡེ་ཧུས་ཨིསི་རཱཨེལ་གྱི་ཡུལ་ཚང་མར་ལོན་བཏང་བས། བྷལ་ལ་མཆོད་མཁན་གཅིག་ཀྱང་མ་ལུས་པ་ཚང་མ་ཡོང་ངོ་། དེ་ཚོ་ཚང་མ་བྷལ་གྱི་ལྷ་ཁང་དུ་ཕྱིན་ནས་མཆོད་ཁང་ཡོངས་སུ་ཁེངས་སོ། Viz kapitola |