སྔོན་རབས་གཉིས་པ། 28:15 - New Tibetan Bible བོད་འགྱུར་གསར་མ།15 དེར་གོང་ནས་བརྗོད་པའི་སྐྱེ་བོ་རྣམས་ལངས་ནས་བཙོན་མ་རྣམས་ཁྲིད་དེ། དེ་དག་གི་ནང་ནས་གཅེར་བུར་ཡོད་པ་ཐམས་ཅད་ལ་བཅོམ་ནོར་ལས་གོས་དང་ལྷམ་བླངས་ནས་བསྐོན་ཏེ། བཟའ་བཏུང་སྤྲད་ཅིང་སྣུམ་གྱིས་བྱུགས་པ་དང་། དེ་དག་ཁྲོད་ཀྱི་སྟོབས་ཞན་པ་རྣམས་བོང་བུར་བསྐྱོན་ཏེ། ཁ་ཟུར་ཤིང་གི་གྲོང་ཁྱེར་ཡེ་རུ་ཀོ་རུ་དེ་དག་གི་སྤུན་གྱི་དྲུང་དུ་བསྐྱལ་ནས་ཕྱིར་སཱ་མར་ཡ་རུ་ལོག Viz kapitolaTibetan Old Testament 201115 དེ་ཚོས་བཙོན་པ་ཚོར་གོས་དང་བཅོམ་ནོར་རྣམས་སྤྲོད་མཁན་དུ་མི་བཞི་པོ་དེ་ལ་བསྐོས་སོ། དེ་ཚོས་དེ་ཚོ་ལ་གྱོན་གོས་དང་ལྷམ་དང་ཟ་འཐུང་འདང་ངེ་སྤྲད་པ་དང་། དེ་ཚོའི་རྨ་ལ་སྐྱུ་རུའི་སྣུམ་བྱུགས་སོ། གོམ་པ་རྒྱབ་མི་ཐུབ་མཁན་ཚོར་བོང་བུའི་ཐོག་སྐྱོན་ནས་བཙོན་པ་ཚང་མ་ཡ་ཧུ་དཱ་པའི་མངའ་ཁུལ་ཁ་ཟུར་ཤིང་གི་གྲོང་ཁྱེར་ཡེ་རི་ཀོ་ལ་ཕྱིར་ལོག་འཁྲིད་དོ། དེ་ནས་ཨིསི་རཱཨེལ་པ་ཚོ་རང་གི་ཡུལ་ས་མར་ཡ་རུ་ཕྱིར་ལོག་གོ། Viz kapitola |