སྔོན་རབས་གཉིས་པ། 20:17 - New Tibetan Bible བོད་འགྱུར་གསར་མ།17 ཀྱེ་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་པ་རྣམས། ཐེངས་འདིར་ཁྱོད་ཅག་དེ་དག་དང་མི་འཐབ་པར་གཡུལ་ས་བསྲུངས་ནས་ལངས་བསྡད་དེ། དཀོན་མཆོག་ཡ་ཝཱེས་ཁྱོད་ཚོ་སྐྱོབ་ལུགས་ལ་ལྟོས་ཤིག ཁྱོད་རྣམས་མ་འཇིགས་མ་ཚབས་ཤིག དཀོན་མཆོག་ཡ་ཝཱེ་ཁྱོད་ཅག་དང་མཉམ་དུ་བཞུགས་པས། སང་ཉིན་དེ་རྣམས་ཀྱི་གདོང་བསུ་བར་སོང་ཞིག་ཅེས་གསུངས་སོ་ཞེས་བསྒོས་པ་དང་། Viz kapitolaTibetan Old Testament 201117 ཁྱོད་ཚོས་དམག་འདི་རྒྱབ་མི་དགོས། ཁྱོད་ཚོ་གྲ་སྒྲིགས་བྱས་ནས་སྒུག་སྡོད་ལ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་རྒྱལ་ཁ་གནང་བ་མཐོང་བར་འགྱུར་རོ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོ་ཐེ་ཚོམ་དང་མ་འཇིགས་ཤིག དམག་ཏུ་སོང་ཞིག་དང་གཙོ་བོ་དཀོན་མཆོག་ཁྱོད་ཚོ་དང་མཉམ་དུ་ཡོད་ཅེས་གསུངས་བྱུང་ཞེས་སྨྲས་སོ། Viz kapitola |