སྔོན་རབས་དང་པོ། 15:27 - New Tibetan Bible བོད་འགྱུར་གསར་མ།27 དཱ་བིད་དང་ཞལ་ཆད་ཀྱི་ཤུར་སྒམ་འཁུར་བའི་ལེ་ཝི་པ་རྣམས་དང་། མགུར་ལེན་མཁན་དག་དང་། དབུ་མཛད་ཀེ་ནན་ཡཱ་བཅས་ཀྱིས་སོ་རས་སྲབ་བུའི་གོས་གྱོན་ཞིང་། དཱ་བིད་ཀྱིས་དེ་ལས་གཞན་སོ་རས་སྲབ་བུའི་བེར་ཐུལ་ཞིག་གྱོན་པའོ། ། Viz kapitolaTibetan Old Testament 201127 དཱ་བིད་ཀྱིས་རས་སྤུས་དག་གི་བཟོས་པའི་ན་བཟའ་ཞིག་གྱོན་གནང་ཡོད་པ་དང་། དེ་ལྟར་རོལ་མོ་མཁན་དང་དེ་ཚོའི་འགོ་འཛིན་ཀེ་ན་ནི་ཡཱ་དང་སྒྲོམ་འཁུར་ལེ་ཝི་པ་ཚོས་ཀྱང་གྱོན་ཡོད་དོ། དཱ་བིད་ཀྱིས་ཀ་ཤི་ཀའི་རས་ཀྱི་ཨེ་ཕོད་ཀྱང་གྱོན་གནང་ཡོད་དོ། Viz kapitola |