ལུ་ཀ་ལེའུ་ 23:50 - རྫོང་ཁ་50-51 འདི་བསྒང་ ཡ་ཧུ་ད་པའི་ཁྲོམ་ ཨ་རི་མ་ཐེ་ཡ་ལས་ ཡོ་སེབ་ཟེར་མི་གཅིག་ཡོདཔ་མས་ ཁོ་མི་ལེགས་ཤོམ་དང་ ཆོས་སེམས་ཡོད་མི་གཅིག་ཨིནམ་མ་ཚད་ ཁོ་དཀོན་མཆོག་གི་རྒྱལ་སྲིད་ལུ་སྒུག་སྡོད་མི་གཅིག་ཡང་ཨིན་མས་ ཁོ་ལྷན་ཚོགས་ཀྱི་འཐུས་མི་གཅིག་ཨིན་ཏེ་འབད་རུང་ ཁོང་གིས་གྲོས་ཐག་ཆོད་མི་དང་ ཁོང་གིས་འབད་མི་ལཱ་གི་གྲལ་ཁར་ ཁ་བཟེད་དོ་མེདཔ་ཨིན་མས། Viz kapitola |