ཧིབ་རུ་ལེའུ་ 1:3 - རྫོང་ཁ་3 སྲས་ཁོ་རང་ དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་མདངས་ཨིནམ་ལས་ དཀོན་མཆོག་འདི་ ག་བཟུམ་ཅིག་ཡོདཔ་ཨིན་ན་ འདི་ང་བཅས་ལུ་ཁོ་གིས་སྟོན་གནངམ་ཨིན་ དེ་ལས་འཇིག་རྟེན་འཛམ་གླིང་དེ་ ཁོ་གི་དབང་ཤུགས་ཅན་གྱི་བཀའ་ལས་རྒྱུད་དེ་ བདག་འཛིན་འཐབ་སྟེ་མཛད་གནངམ་ཨིན་ སྲས་དེ་གིས་མི་ཚུ་ ཁོང་རའི་སྡིག་པ་ལས་གཙངམ་མཛད་གནང་ཚརཝ་ད་ ཁོ་རང་ ཞིང་ཁམས་ལུ་བཞུགས་ཡོད་མི་ གཟི་བརྗིད་དང་ལྡན་མི་དཀོན་མཆོག་གི་ཕྱག་གཡས་པའི་ཁ་ཐུག་བཞུགས་ནུག Viz kapitola |