མཛད་པ་ལེའུ་ 17:3 - རྫོང་ཁ་3 དེ་ལས་ཁོ་གིས་གསུང་རབ་ནང་ག་བྲིས་ཡོད་མི་དེ་ གསལ་ཏོག་ཏོ་སྦེ་བཏོན་ཏེ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ ག་དེ་སྦེ་སྡུག་བསྔལ་བཞེས་ཏེ་ ད་རུང་གཤགས་ས་ལས་སྐུ་གསོན་པོ་བཞེངས་གནང་དགོཔ་དེ་ ཨིན་ཅི་མིན་ཅི་འབྱུང་དགོཔ་གཅིག་ཨིན་ཟེར་ ཁོང་ལུ་ཁུངས་བཀལ་ཏེ་སླབ་ཚརཝ་ད་ ད་རུང་ཁོ་གིས་ ད་ལྟོ་ང་གིས་ཡེ་ཤུ་གི་སྐོར་ལས་བཤད་མི་འདི་ དོན་ལས་རང་ཁིརཱིས་དེ་ ཁོ་ཨིན་ཟེར་ ཁྱེད་ལུ་སླབ་དོ་ཟེར་སླབ་ནུག Viz kapitola |