མཛད་པ་ལེའུ་ 16:14 - རྫོང་ཁ་14 དེ་ཁར་ ཐི་ཨ་ཏེ་ར་གི་ཁྲོམ་ཁ་ལས་ཨིན་མི་ཨམ་སྲུ་ ལི་དི་ཡཱ་ཟེར་མི་གཅིག་ཡོདཔ་མས་ མོ་རིན་གོང་སྦོམ་འབད་མི་བགོ་ལ་རྒྱ་སྨུག་གི་ཚོང་རྐྱབ་མི་གཅིག་ཨིན་མས་ མོ་ཕྱིའི་མི་རིགས་གཅིག་ཨིན་རུང་ དཀོན་མཆོག་ལུ་གསོལཝ་བཏབ་མི་གཅིག་ཨིན་མས་ མོ་གིས་ང་བཅས་ཀྱིས་བཤད་མིའི་ཆོས་ ཉན་སྡོདཔ་ད་ གཙོ་བོ་དཀོན་མཆོག་གིས་མོ་གི་སེམས་སྒོ་ཕྱེ་གནང་སྟེ་ པའུལ་གྱིས་བཤད་མི་ཆོས་ལུ་ཆ་བཞག་སྟེ་དད་པ་བསྐྱེད་ཅི། Viz kapitola |