མཱཪ་ཀུ 2:17 - Tibetan Modern gSungrab གསུང་རབ།17 ཡེ་ཤུས་གཏམ་དེ་གསན་ནས་“ཁམས་བཟང་པོའི་མི་ལ་སྨན་པ་མི་དགོས་ཀྱི། ནད་པ་ཚོ་ལ་དགོས་སོ། ང་རང་ནི་ཆོས་དྲང་པོའི་མི་རྣམས་འབོད་དུ་ཡོང་བ་མ་ཡིན་གྱི། མི་སྡིག་ཉེས་ཅན་རྣམས་འབོད་དུ་ཡོང་བ་ཡིན་”ཞེས་གསུངས། Viz kapitolaNew Tibetan Bible བོད་འགྱུར་གསར་མ།17 སྐྱབས་མགོན་ཡེ་ཤུས་གཏམ་དེ་ཐོས་ནས་འདི་སྐད༌དུ། ལུས་ཁམས་བདེ་བའི་མི་ཡིས་སྨན་པ་བསྟེན་མི་དགོས༌མོད། འོན་ཀྱང་ནད་པས་ད་གཟོད་སྨན་པ་བསྟེན་དགོས་པ༌ཡིན། བདག་ནི་མི་གཞུང་དྲང་རྣམས་འབོད་དུ་འོངས་པ་མ་ཡིན༌པར། མི་སྡིག་ཅན་རྣམས་འབོད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།། Viz kapitola |