ཀོ་ལོ་སཱ་པ། 2:5 - Tibetan Modern gSungrab གསུང་རབ།5 ང་ནི་ལུས་ཀྱི་ཆ་ནས་ཁྱོད་ཚོའི་ཁྲོད་དུ་མེད་ནའང་སེམས་ཀྱི་ཆ་ནས་ཁྱོད་ཚོའི་རྩར་ཡོད། ངས་ཁྱེད་ཚོའི་སྒྲིག་ལམ་དང་མཱ་ཤི་ཀ་ལ་དད་སེམས་བརྟན་པོ་ཡོད་པ་ཤེས་པས་དགའ་བར་བྱེད། Viz kapitolaNew Tibetan Bible བོད་འགྱུར་གསར་མ།5 བདག་གི་ལུས་པོ་ནི་ཁྱོད་ཅག་དང་ཁ་བྲལ༌ནའང༌། སེམས་ནི་ཁྱོད་ཅག་དང་མཉམ་དུ་གནས། ཁྱོད་རྣམས་ནི་བག་ཡོད་ཚུལ་དང་ལྡན༌ཞིང༌། སྐྱབས་མགོན་མཱ་ཤི་ཀ་ལ་དད་པའི་སེམས་ཀྱང་བརྟན་པོ་ཡིན་པ་ཤེས་པས་བདག་ནི་དགའ་ཞིང་སྤྲོ་བར་གྱུར༌ཏོ།། Viz kapitola |