ཐི་མོ་ཐེ། ༡ 1:2 - Tibetan Modern gSungrab གསུང་རབ།2 དད་པའི་ཐོག་ནས་ངའི་བདེན་པའི་བུ་ལྟར་ཡིན་པ་ཐི་མོ་ཐེ་ལ་འཕྲིན་ཡིག་འདི་ཕུལ་ལོ། ཡབ་དཀོན་མཆོག་དང་མཱ་ཤི་ཀ་ཡེ་ཤུ་ངེད་རྣམས་ཀྱི་གཙོ་བོ་ནས་ཐུགས་རྗེ་དང༌། བཀའ་དྲིན། ཞི་བདེ་བཅས་ཁྱེད་ལ་འཐོབ་པར་གྱུར་ཅིག Viz kapitolaNew Tibetan Bible བོད་འགྱུར་གསར་མ།2 འཕྲིན་ཡིག་འདི་ནི་དད་པ་བརྒྱུད་ནས་རང་གི་བུ་དངོས་སུ་གྱུར་པ་ཐི་མོ་ཐེ་ལ་སྤྲིངས་པ་ཡིན༌ཏེ། ཡབ་དཀོན་མཆོག་དང་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུས་ཁྱོད་ལ་བྱམས་དང་སྙིང༌རྗེ། ཞི་བདེ་བཅས་གནང་བར༌སྨོན། Viz kapitola |