ཨིབ་རི་པ། 1 - དོལ་པོ།ལེའུ་དང་པོ། དཀོན་མཆོག་གིས་རང་གི་སྲས་བརྒྱུད་ནས་གསུངས་པ། 1 གནའ་སྔ་མོའི་དུས་ལེ་དཀོན་མཆོག་གིས་ལུང་སྟོན་པ་ཀྱ་བརྒྱུད་ནས་ལན་མ་མང་པོ་ཐབས་ཤེས་སྣ་ཚོགས་ཀྱིས་འུའི་མེས་མེས་ཀྱ་ལེ་གསུངས་པི་དིག 2 ཡིན་ནའང་། མཐའ་མའི་ཉིན་མ་དེ་ལེ་ཁོང་གིས་རང་གི་སྲས་བརྒྱུད་ནས་འུ་ཀྱ་ལེ་གསུང་གནང་པི་དིང་། སྔོན་མ་ནས་སྲས་ལེ་དངོས་པོ་ཡེ་རེའི་རྒྱུད་པ་འཛིན་མཁན་ལེ་བསྐོས་གནང་པི་དིག ཡང་དཀོན་མཆོག་གིས་སྲས་ཀྱི་བརྒྱུད་ནས་འཇིག་རྟེན་གྱི་ཁམས་ཡེ་རེ་ཟང་བཀོད་གནང་པི་དིག 3 སྲས་དེ་ནི་དཀོན་མཆོག་གི་གཟི་བརྗིད་ནས་འཕྲོས་པའི་འོད་ཟེར་ཡིན་དི་མ་ཟད། དཀོན་མཆོག་གི་ངོ་བོ་གཅིག་མཚུངས་ཏེ། ཁོང་གི་ནུས་མཐུ་ཅན་གྱི་བཀའ་དེས་དངོས་པོ་ཡེ་རེ་ལེ་བདག་སྐྱོང་གནང་འོད་དིག ཡང་སྲས་ཁོང་གིས་མི་ཀྱ་ཀྱི་སྡིག་ཉེས་དག་ཏུ་བཅུག་གནང་པི་རྗེས་ལེ། ཁོང་རང་ནི་ནམ་མཁའི་ཞིང་ཁམས་ལེ་གཟི་བརྗིད་ངང་ནས་བླ་ན་མེད་པའི་དཀོན་མཆོག་གི་ཕྱག་གཡས་ལེ་བཞུགས་གནང་པི་དིག 4 འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གིས་རང་གི་སྲས་ལེ་གནང་བའི་མཚན་དེ་ནི། དཀོན་མཆོག་གི་ཕོ་ཉ་ཀྱ་ཀྱི་མཚན་ལས་ཟང་ལྷག་ཚོད་ཆེ་བ་ཡིན་ཕེན། སྲས་ཁོང་ནི་དཀོན་མཆོག་གི་ཕོ་ཉ་ཀྱ་ལས་ཁྱད་དུ་འཕགས་པ་ཡིན་དིག དཀོན་མཆོག་གི་སྲས་ནི་ཕོ་ཉ་ལས་ཁྱད་དུ་འཕགས་པ་ཡིན་པ། 5 དཀོན་མཆོག་གིས། ཁྱོད་རང་ནི་ངའི་བི་ས་ཡིན་ཕེན། ། ད་རིང་ང་ནི་ཁྱོད་ཀྱི་ཨ་ཀྱི་ཡིན། ། ཡང་དང་། ང་ནི་ཁྱོད་ཀྱི་ཨ་ཀྱི་འོང་གྱི་དིང་། ། ཁྱོད་ནི་ངའི་བི་ས་འོང་གྱི་དིག ། ཟིན་གསུངས་པི་དིག ཕོ་ཉ་སུ་ཞིག་ལེ་ཟང་དཀོན་མཆོག་གིས་དེ་གི་གསུངས་མྱོང་མེད་དིག 6 ཡང་དཀོན་མཆོག་གིས་རང་གི་སྲས་དང་པོ་དེ་འཇིག་རྟེན་ལེ་རྫོང་རྒྱ། ཕོ་ཉ་ཡེ་རེ་ངའི་སྲས་ལེ་ཕྱག་འཚོལ་དང་། ། ཟིན་གསུངས་པི་དིག 7 ཡང་དཀོན་མཆོག་གིས་རང་གི་ཕོ་ཉ་ཀྱ་ཀྱི་སྐོར་ལེ། ཁོང་གིས་ཕོ་ཉ་ཀྱ་ནི་འུར་བོ་ཅོག་འདྲ་དིང་། ། ཞབས་ཕྱི་པ་ཀྱ་ནི་མེ་རླབས་ཅོག་འདྲ་བཟོས་གནང་གྱོ་འོད། ། ཟིན་གསུངས་པི་དིག 8 ཡིན་ནའང་། དཀོན་མཆོག་གིས་རང་གི་སྲས་ཀྱི་སྐོར་ལེ། དཀོན་མཆོག ། ཁྱེད་ཀྱི་བཞུགས་ཁྲི་དེ་དུས་རྟག་ཏུ་གནས། ། ཁྱེད་ཀྱི་རྒྱལ་ཁབ་དྲང་བདེན་ངང་ནས་སྐྱོང་། ། 9 ཁྱེད་ནི་དྲང་བདེན་ལེ་དགྱེས་ངན་པ་ལེ་སྡང་། ། འོ་དེའི་ཆེད་དུ། ཁྱེད་ཀྱི་དཀོན་མཆོག་གིས། ། ཁྱེད་ཀྱི་མཛའ་རོགས་ཀྱ་ལས་ལྷག་ཚོད། ། དགའ་སྤྲོའི་སྣུམ་དེ་ཁྱོད་ལེ་བྱུགས་པི་ཡིན། ། ཟིན་གསུངས་པི་དིག 10 ཡང་དང་ཁོང་གིས། ཇོ་བོ། ཁྱེད་ཀྱིས་ཐོག་མར་ས་གཞི་བཀོད་གནང་པི་དིག ། ནམ་མཁའ་འདི་ཟང་ཁྱེད་ཀྱི་ཕྱག་གིས་བཀོད་གནང་པི་དིག ། 11 གནམ་ས་བརྡིབ་ནའང་ཁྱེད་ནི་དུས་རྟག་ཏུ་གནས། ། གནམ་ས་གཉིས་ནི་གོས་ལག་ཅོག་འདྲ་རྙིང་འགྲོ་གྱི་དིག ། 12 ཁྱེད་ཀྱིས་གནམ་ས་གཉིས་པོ་ནི་གོས་ཅོག་འདྲ་བསྒྲིལ། ། གནམ་ས་གཉིས་གོས་ཅོག་འདྲ་བརྗེ་པོ་ཐེབ་ཏུ་འཇུག་གྱི་དིག ། ཡིན་ནའང་། ཁྱེད་རང་ལེ་དུས་ནམ་ཟང་འགྱུར་བ་མེད་དིག ། ཁྱེད་ཀྱི་ལོ་ཟླ་བ་ནི་དུས་ནམ་ཟང་རྫོགས་མཐའ་མེད་དིག ། ཟིན་གསུངས་པི་དིག 13 ཡིན་ནའང་། དཀོན་མཆོག་གིས་རང་གི་ཕོ་ཉ་སུ་ཞིག་ལེ་ཟང་། ངས་དགྲ་བོ་ཡེ་རེ་ཁྱེད་ཀྱི་ཞབས་ཀྱི་འོག་ཏུ་མ་བཅུག་བར་དུ། ། ཁྱེད་རང་ནི་ངའི་གཡས་ཕྱོགས་ལེ་བཞུགས་ཏེ་སྒུག་རོགས། ། ཟིན་གསུངས་མྱོང་འོད་དི་གས། 14 དཀོན་མཆོག་གི་ཕོ་ཉ་ཡེ་རེ་ནི། ཐར་པ་འཐོབ་མཁན་ཀྱ་ཀྱི་ཆེད་དུ་བརྫངས་གནང་བའི་ཞབས་ཕྱི་སྒྲུབ་མཁན་གྱི་སེམས་ཉིད་མ་གས། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.