ག་ལད་ཡཱ་པ། 1 - དོལ་པོ།ལེའུ་དང་པོ། འཚམས་འདྲི་ཞུས་པ། 1 སྐུ་ཚབ་ཕོལ་ལོལ་ང་རང་ནི་མི་ཀྱ་ཀྱིས་བསྐོས་པི་དིང་། ཡང་མི་ཀྱ་བརྒྱུད་ནས་སྐུ་ཚབ་བྱུང་པ་ཞིག་མན། སྐྱབས་མགོན་ཡེ་ཤུ་དིང་། ཡང་ཁོང་གྲོངས་ཏེ་ཡང་དང་གསོན་པོ་སློང་མཁན་ཡབ་དཀོན་མཆོག་གིས་བསྐོས་གནང་པའི་སྐུ་ཚབ་པ་ཞིག་ཡིན། 2 ང་དིང་ངའི་སྐྱེན་ལེ་འོད་ཡོད་ཆོས་གྲོགས་སྤུན་ཟླ་ཀྱ་ཀྱི་བརྒྱུད་ནས་ག་ལད་ཡཱ་ལུང་པ་ལེ་འོད་ཡོད་ཡེ་ཤུའི་ཆོས་ཚོགས་ཀྱ་ལེ་ཡི་གེ་འདི་འབུལ་ལོ། 3 འུའི་ཡབ་དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུ་ནས་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་ཁྱེད་ཀྱ་ལེ་འཐོབ་པར་ཤོག 4 ད་ལྟའི་དུས་ངན་པ་འདི་ནས་སྐྱོབ་རྒྱུ་དིང་། འུ་ཀྱ་སོ་སོའི་སྡིག་ཉེས་ནས་ཐར་དུ་འཇུག་རྒྱུ་ལེ། ཁོང་གིས་རང་གི་སྲོག་དེ་འུ་ཀྱ་ཀྱི་དོན་ལེ་བློས་བཏང་གནང་པི་དེ་ནི། འུ་ཀྱ་ཀྱི་ཡབ་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་ཡིན་དིག 5 དཀོན་མཆོག་ལེ་དུས་རྒྱུན་ནས་རྒྱུན་དུ་བསྟོད་པར་ཤོག ཨ་མེན། གཏམ་བཟང་ངོ་ཐོག་དེ་ནི་གཅིག་མ་མཏོགས་མེད་དི་སྐོར། 6 སྐྱབས་མགོན་ཡེ་ཤུའི་ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས་ཁྱེད་ཀྱ་ལེ་འབོད་གནང་མཁན་དཀོན་མཆོག་དེ་གཡུགས་ཏེ། ཁྱེད་ཀྱ་ཀྱིས་གཏམ་བཟང་རྫུན་མ་ཞིག་ལེ་མགྱོགས་པོ་ཡིད་ཆེས་བྱས་ཕེན། ང་ཧ་ལས་ཆེན་པོ་སྐྱེས་བྱུང་། 7 དོན་ངོ་ཐོག་བྱས་ནི། ཁྱེད་ཀྱ་ཀྱིས་ཡིད་ཆེས་བགྱིད་ས་གཏམ་བཟང་དེ་ནི་བདེན་པ་མ་དིག དེ་ནི་ཁྱེད་ཀྱ་ཀྱི་སེམས་པ་དཀྲུག་མཁན་མི་ཁ་ཤས་ཞིག་གིས་སྐྱབས་མགོན་ཡེ་ཤུའི་གཏམ་བཟང་ལེ་ལྷད་འཛུགས་འདོད་འོད་དིག 8 ཡིན་ནའང་། ཉེད་ཀྱ་དིང་། ཡང་ནི། དཀོན་མཆོག་གི་ཞིང་ཁམས་ནས་ཕེབས་འོངས་པའི་ཕོ་ཉ་ཞིག་གིས་གསུངས་པི་ཡིན་ནའང་། ཡང་དེ་སྔོན་ཉེད་ཀྱ་ཀྱིས་ཁྱེད་ཀྱ་ལེ་བཤད་དི་གཏམ་བཟང་དེ་རིང་མི་མཐུན་པ་ཞིག་བཤད་ནི། མི་དེ་ལེ་དམྱལ་ཁམས་ལེ་དུས་རྟག་ཏུ་ཆད་པ་ཕོག་པར་ཤོག 9 ངས་སྔོན་མ་སྨྲས་པའི་ཅོག་འདྲ། ད་ལྟ་ཟང་ཟེར་རི་ཡིན། གལ་སྲིད་མི་ཞིག་གིས་སྔོན་མ་ཁྱེད་ཀྱ་ཀྱིས་ཁས་ལེན་བྱས་པའི་གཏམ་བཟང་དེ་རིང་མི་མཐུན་པའི་གཏམ་བཟང་གཞན་མ་ཞིག་བཤད་ནི། མི་དེ་ཀྱ་ལེ་དམྱལ་ཁམས་ལེ་དུས་རྟག་ཏུ་ཆད་པ་ཕོག་པར་ཤོག 10 ད་ལྟ་ངས་མིའི་སེམས་དགའ་རི་འོང་རྒྱུ་དོན་ལེ་བགྱིད་རྒྱུ། ཡང་ནི། དཀོན་མཆོག་གི་ཐུགས་དགྱེས་པའི་ཆེད་དུ་བགྱིད་རྒྱུ། གལ་སྲིད་ངས་ད་རུང་མིའི་སེམས་དགའ་རི་འོང་རྒྱུ་དོན་ལེ་པ་རྐྱང་བགྱིད་རྒྱུ་འདོད་པ་བྱས་འོད་ནི། ང་ནི་སྐྱབས་མགོན་ཡེ་ཤུའི་ཞབས་ཕྱི་པ་ཞིག་མ་དིག གཏམ་བཟང་ནི་སྐྱབས་མགོན་ཡེ་ཤུ་ནས་ཡིན་དི་སྐོར། 11 ངའི་ཆོས་གྲོགས་སྤུན་ཟླ་ཁྱེད་ཀྱ། ངས་བཤད་དི་གཏམ་བཟང་དེ་ནི། མིའི་སེམས་ནས་བྱུང་པི་མན་དི་ངས་ཁྱེད་ཀྱ་ལེ་ཧ་གོ་རུ་འཇུག་འདོད་འོད། 12 ཅི་ལེ་ཟེར་ནི། སྔོན་མ་ངས་ཁྱེད་ཀྱ་ལེ་བཤད་དི་གཏམ་བཟང་དེ་ནི། མི་ཀྱ་ཀྱིས་ང་ལེ་སློབ་ཁྲིད་བྱས་པི་ཟང་མ་དིག ཡང་མི་ཀྱ་ཀྱི་བློ་ཤེས་རབ་ནས་བྱུང་པི་ཟང་མ་དིག དེ་ནི་སྐྱབས་མགོན་ཡེ་ཤུ་ཁོང་རང་གིས་ང་ལེ་མངོན་སུམ་བསྟན་གནང་སྟེ་ཐོབ་པའི་གཏམ་བཟང་ཞིག་ཡིན་དིག 13 ངས་སྔོན་མ་ཡ་ཧུ་དཱའི་མི་རིགས་ཀྱི་ཆོས་ལུགས་དེ་སྲུང་རྒྱ། ངའི་སྤྱོད་ལམ་ཅི་གི་ཡིན་མིན་དིང་། ཡང་ཐབས་ལམ་ཅི་འོད་ཀྱིས་དཀོན་མཆོག་གི་ཆོས་ཚོགས་ལེ་གནོད་པ་བསྐྱལ་ཏེ། རྩ་མེད་གཏོང་རྒྱུ་བྱས་པའི་སྐོར་དེ་ནི་ཁྱེད་ཀྱ་ཀྱིས་ཐོས་མྱོང་འོད་དིག 14 ཡང་མེས་མེས་ཀྱ་ཀྱི་ལུགས་སྲོལ་དེ་ཀྱ་ཟང་ངས་བསྲུང་རྒྱུ་ཆེད་དུ། བརྩོན་འགྲུས་ཆེན་པོ་བྱས་པི་མ་ཟད། ངའི་སྐྱེན་ལེ་འོད་ཡོད་ཕ་ཡུལ་གཅིག་པ་ཀྱ་ཀྱི་ནང་ནས་ཟང་ལྷག་ཚོད། ངས་ཡ་ཧུ་དཱ་པའི་ཆོས་ལེ་འབད་བརྩོན་ཆེན་པོ་བྱས་པི་ཡིན། 15 ཡིན་ནའང་། དཀོན་མཆོག་གིས་ང་ཨ་མའི་ཁོག་ལེ་འོད་རྒྱ་ནས་ཕེན་བདམས་གནང་སྟེ། ཁོང་གི་ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས་ང་ལེ་འབོད་གནང་པི་མ་ཟད། ངས་ཡ་ཧུ་དཱ་པ་མིན་པའི་ཕྱི་མི་ཀྱ་ཀྱི་ནང་ལེ། ཁོང་གི་གཏམ་བཟང་དེ་ཤོད་རྒྱུ་ཆེད་དུ། དཀོན་མཆོག་གིས་རང་གི་སྲས་དེ་ང་ལེ་མངོན་སུམ་དུ་སྟོན་གནང་རྒྱུ་དེ་ཐུགས་མཉེས་པི་དིག 16-17 འོ་དེ་ལེ་བརྟེན་ཏེ། ངས་མི་སུ་ཞིག་ལེ་ཟང་གྲོས་བསྡུར་མ་བྱས་པི་མ་ཟད། ཡེ་རུ་ས་གླིང་ལེ་འོད་ཡོད་ངའི་སྔོན་ལེ་བྱུང་བའི་སྐུ་ཚབ་དེ་ཀྱ་ལེ་མཇལ་དུ་མ་ཕྱིན་ཏེ། ཨ་རབ་ལུང་པ་ལེ་གཏམ་བཟང་ཤོད་དུ་ཕྱིན་ཏེ་དེ་རུ་བསྡད་དི་ཡིན། དེ་ནས་དེའི་རྗེས་ལེ་དཱ་མེ་སེག་རྒྱལ་ས་ལེ་རང་འཇགས་ལོག་པི་ཡིན། 18 དེ་ནས་ལོ་གསུམ་གྱི་རྗེས་ལེ་ངས་ཡེ་རུ་ས་གླིང་ལེ་སྐུ་ཚབ་པེ་ཏྲོ་ཐུག་ཏུ་ཕྱིན་ཏེ། ཉིན་མ་བཅོ་ལྔ་ཁོའི་སྐྱེན་ལེ་བསྡད་དི་ཡིན། 19 དེ་རུ་ཇོ་བོ་ཡེ་ཤུའི་ནུ་བོ་ཡ་ཀོབ་ཁོ་པ་རྐྱང་མ་གཏོགས་སྐུ་ཚབ་གཞན་མ་སུ་ཞིག་ཟང་ང་ལེ་མ་ཐུག་བྱུང་། 20 ངས་ཁྱེད་ཀྱ་ལེ་འབྲི་འོད་ཡོད་ཡི་གེ་འདིའི་ནང་ལེ་སྨྲས་པི་ཚིག་འདི་ཀྱ་བདེན་པ་ཡིན། དཀོན་མཆོག་གི་དྲུང་དུ་ངས་རྫུན་གཏམ་བཤད་མེད། 21 དེ་ནས་དེའི་རྗེས་ལེ་ང་སི་རི་ཡཱ་དིང་ཀི་ལིག་ཡཱ་་ལུང་པ་ལེ་ཕྱིན་དི་ཡིན། 22 དེ་རྒྱ་ཡ་ཧུ་དཱའི་ལུང་པ་འོད་ཡོད་སྐྱབས་མགོན་ཡེ་ཤུའི་ཆོས་ཚོགས་ཀྱ་ཀྱིས་ང་ལེ་མཐོང་མྱོང་མེད་དིག 23 ཡིན་ནའང་། ཁོང་ཀྱ་ཀྱིས་སྔོན་མ་འུ་ཀྱ་ལེ་གནོད་པ་སྐྱེལ་མཁན་མི་དེ་ནི། ད་ལྟ་གཏམ་བཟང་ཤོད་ཀྱི་འདུག་ཟེར་རི་ལབ་དེ་པ་རྐྱང་ཐོས་འོད་ཕེན། 24 དོན་དེའི་སྐོར་ལེ་ཁོང་ཀྱ་ཀྱིས་དཀོན་མཆོག་ལེ་བསྟོད་པ་ཕུལ་ལི་དིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.