ཨེ་ཕེ་སི་པ། 6 - དོལ་པོ།ལེའུ་དྲུག་པ། བུ་ཕྲུག་དིང་ཕ་མའི་སྤྱོད་ལམ། 1 ཁྱེད་ཀྱ་ཀྱི་བུ་ཕྲུག་ཀྱ་ཀྱིས་ཟང་། ཇོ་བོ་ལེ་བརྟེན་ཏེ་རང་གི་ཕ་མའི་ཁ་ལེ་ཉོན་ཅིག འོ་དེ་གི་བགྱིད་ཆོག་འོས་པ་ཞིག་ཡིན་དིག 2-3 ཁྱེད་ཀྱ་ཞི་བདེ་ངང་ནས་ས་སྟེང་དུ་ཚེ་རིང་པོ་སྡོད་རྒྱུ་ཆེད་དུ། རང་གི་ཕ་མ་གཉིས་ལེ་བརྩི་བཀུར་བགྱིད་དགོས་རྒྱུ་དེ་ནི། ཁྱེད་ཀྱ་ལེ་གནང་འོད་ཡོད་ཞལ་བཞེས་དིང་ཆོས་ཁྲིམས་ཀྱི་བཀའ་དང་པོ་དེ་ཡིན་དིག 4 ཡང་ཁྱེད་ཨ་ཀྱི་ཀྱ། ཁྱེད་ཀྱ་ཀྱིས་ཟང་རང་གི་བུ་ཕྲུག་ལེ་ཁོང་ཁྲོ་མ་སློངས་ཤིག ཇོ་བོའི་སློབ་སྟོན་དིང་སྒྲིག་ལམ་གྱིས་གསོ་སྐྱོང་གྱིས་ཤིག བདག་པོ་དིང་ཚེ་གཡོག་གི་སྤྱོད་ལམ། 5 ཡང་ཁྱེད་ཚེ་གཡོག་ཀྱ་ཀྱིས་ཟང་རང་གི་སེམས་ལེ་གཡོ་རྒྱུ་མེད་དི་ངང་ནས། སྐྱབས་མགོན་གྱི་བཀའ་ལེ་ཉན་གྱོ་འོད་དི་ཅོག་འདྲ། བརྩི་བཀུར་དིང་འདར་ཞུམ་ཞུམ་ངང་ནས་འཇིག་རྟེན་འདིའི་ནང་ལེ་འོད་ཡོད་ཁྱེད་ཀྱ་ཀྱི་བདག་པོ་ཀྱ་ཀྱི་བཀའ་གསུང་ལེ་ཉོན་ཅིག 6 ཡང་མི་ལེ་དགའ་རི་འོང་རྒྱུ་དིང་། ངོམ་རྒྱུ་ཆེད་དུ་པ་རྐྱང་ལས་མ་བགྱིད་ཅིག སྐྱབས་མགོན་ཁོང་གི་ཆེད་དུ་གཡོག་པོ་དྲང་པོ་ཞིག་བྱས་ཏེ། སེམས་གཏིང་ནས་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་ལས་དོན་བསྒྲུབ་དགོས་འོད་དིག 7 ཁྱེད་ཀྱ་ཀྱིས་མིའི་འདོད་པའི་ཆེད་དུ་པ་རྐྱང་མ་བགྱིད་ཞིག དཀོན་མཆོག་ལེ་རང་གི་སེམས་གཏིང་ནས་ཞབས་ཕྱི་སྒྲུབ་དགོས་འོད་དིག 8 ཅི་ལེ་ཟེར་ནི། བདག་པོའི་གཡོག་པོ་ཡིན་ནའང་། མི་རང་དབང་འོད་ཡོད་ཡིན་ནའང་། ལས་བཟང་པོ་བགྱིད་མཁན་མི་རེ་རེ་ལེ། ཇོ་བོ་ཁོང་གིས་བྱ་དགའ་གནང་རྒྱུ་ཡིན་དི་ཁྱེད་ཀྱ་ཀྱིས་ཟང་ཧ་གོ་འོད་དིག 9 ཁྱེད་བདག་པོ་ཀྱ། ཁྱེད་ཀྱ་ཀྱིས་ཟང་རང་གི་ཚེ་གཡོག་ཀྱ་ལེ། གོང་དུ་སྨྲས་པའི་ཚིག་དིང་ཅོག་འདྲ་བྱས་ཏེ། ཁོང་ཀྱ་ལེ་རྫིག་རྫིག་མ་གཏོང་ཞིག ཅི་ལེ་ཟེར་ནི། དཀོན་མཆོག་གི་ཞིང་ཁམས་ལེ་ཁྱེད་ཀྱ་དིང་། ཚེ་གཡོག་ཀྱ་ཀྱི་བར་ལེ་ཕྱོགས་རིས་ཅི་གང་མི་གནང་མཁན་བདག་པོ་གཅིག་རང་ཞིག་འོད་དི་ཁྱེད་ཀྱ་ཀྱིས་ཧ་གོ་བར་གྱིས་ཤིག དཀོན་མཆོག་གི་མཚོན་ཆའི་སྐོར། 10 མཇུག་མཐའ་མ་ངས་ཁྱེད་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཇོ་བོ་ཡེ་ཤུའི་མཐུ་སྟོབས་ཆེན་པོ་དེ་ལེ་བརྟེན་ཏེ། དུས་རྒྱུན་དུ་སྙིང་སྟོབས་ཆེན་པོ་གྱིས་ཤིག་ཟིན་འོད། 11 ཡང་བདུད་ཀྱི་རྒྱལ་པོའི་གཡོ་ཐབས་ནས་རྒྱལ་ཐུབ་པའི་ཆེད་དུ། དཀོན་མཆོག་གི་མཚོན་ཆ་ཡེ་རེ་རང་གི་ལུས་ལེ་གོས་གྱོན་པི་ཅོག་འདྲ་གྱོན་དགོས་འོད་དིག 12 ཅི་ལེ་ཟེར་ནི། འུ་ཀྱ་ཀྱི་དམག་འཐབ་རྒྱུ་དེ་ནི། ཤ་ཁྲག་འོད་ཡོད་མི་ལེ་མ་དིག ཡིན་ནའང་། མིག་གིས་མཐོང་རྒྱུ་མེད་མེད་སྲིད་འཛིན་མཁན་དིང་། དབང་འཛིན་མཁན་བདུད་པོའི་རིགས་དིང་། འཇིག་རྟེན་མུན་ནག་འདིའི་ནང་ལེ་དབང་བསྒྱུར་བགྱིད་མཁན། ནམ་མཁའི་བར་ནང་ལེ་འོད་ཡོད་གདོན་འདྲེའི་རིགས་ལེ་དམག་འཐབ་རྒྱུ་ཆེད་དུ་ཡིན་དིག 13 འོ་དེ་ལེ་བརྟེན་ཏེ། མ་འོངས་པའི་དུས་ངན་པ་དེ་ལེ། ཁ་གཏད་བགྱིད་ཐུབ་པི་དིང་། ལས་དོན་ཡེ་རེ་བསྒྲུབས་ནུས་པི་བྱས་ཏེ། བརྟན་པོ་ལངས་ཐུབ་རྒྱུ་ཆེད་དུ། དཀོན་མཆོག་གི་མཚོན་ཆ་ཡེ་རེ་ལུས་ལེ་གོས་གྱོན་པི་ཅོག་འདྲ་གྱོན་དགོས་འོད་དིག 14 ཡང་ཁྱེད་ཀྱ་ཀྱིས་སྐེད་པ་ལེ་བདེན་པའི་སྐེད་རགས་བཅིངས་ཏེ། བྲང་ཁོག་ལེ་དྲང་བདེན་གྱི་བྲང་ཁེབས་གྱོན་ཏེ་བརྟན་པོ་གནས་ཐུབ་པར་གྱིས་ཤིག 15 ཡང་རྐང་པ་ལེ་ཟོམ་པ་གྱོན་པི་ཅོག་འདྲ། ཞི་བདེའི་གཏམ་བཟང་དེ་གྱོན་ཏེ་ཤོད་རྒྱུ་ལེ་གྲ་སྒྲིག་གྱིས་ཤིག 16 ཡང་དེ་མ་ཟད། དད་པའི་བྲང་ཁེབས་ལག་ལེ་ཟིན་ཏེ། བདུད་ཀྱི་རྒྱལ་པོས་བཞུས་པའི་མེ་འབར་གྱི་མདའ་ཡེ་རེ་གསོད་ཐུབ་པི་གྱིས་ཤིག 17 ཡང་མགོ་ལེ་ཐར་པའི་ལྕགས་ཀྱི་ཞྭ་མོ་གྱོན་ཏེ། དམ་པའི་ཐུགས་ཉིད་ཀྱི་རལ་གྲི་ལག་ལེ་ཟིན་ཅིག རལ་གྲི་དེ་ནི་དཀོན་མཆོག་གི་བཀའ་ཡིན་དིག 18 ཡང་དམ་པའི་ཐུགས་ཉིད་ལེ་བརྟེན་ཏེ། དུས་རྟག་ཏུ་གསོལ་བ་སྨོན་ལམ་སྣ་ཚོགས་འདེབས་དགོས་འོད་དི་དིང་། དོན་དེ་ཀྱ་སེམས་ལེ་བོར་ཏེ་དད་པ་བགྱིད་མཁན་ཡེ་རེའི་ཆེད་དུ། གཟབ་གཟབ་ངང་ནས་དུས་རྒྱུན་ཆད་མེད་དི་གསོལ་བ་སྨོན་ལམ་ཐོབ་ཅིག 19 ཡང་ངས་ཟང་སྙིང་སྟོབས་ཆེན་པོ་བྱས་ཏེ། མི་ཀུན་ལེ་གཏམ་བཟང་ཤོད་རྒྱ། གཏམ་བཟང་གི་གསང་བ་དེ་གསལ་པོ་བྱས་ཏེ་ཤོད་ཐུབ་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱིས་ངའི་དོན་ལེ་ཟང་གསོལ་བ་འདེབས་རོགས། 20 ང་ནི་གཏམ་བཟང་དེའི་ཆེད་དུ། ལྕགས་སྒྲོག་གིས་བསྡམས་འོད་ཡོད་སྐུ་ཚབ་ཞིག་ཡིན་དི་མ་ཟད། ངས་ཅི་གི་བྱས་ཏེ་ཤོད་དགོས་འོད་མེད་དིང་། བློ་ཁོག་ཆེན་པོ་བྱས་ཏེ། ཁ་ནས་གཏམ་བཟང་དེ་ཤོད་རྒྱུ་ཆེད་དུ་ཟང་། གསོལ་བ་སྨོན་ལམ་འདེབས་རོགས་ཟིན་ཞུ་བ་འབུལ་གྱོ་འོད། མཇུག་མཐའ་མའི་འཚམས་འདྲི། 21 ཡང་ཁྱེད་ཀྱ་ཀྱིས་ཟང་ངའི་གནས་ཚུལ་དིང་། ངས་ལས་ཀ་ཅི་གིན་འོད་མེད་ཡེ་རེ་ཧ་གོ་རུ་འཇུག་རྒྱུ་ཆེད་དུ། ལྷག་བསམ་རྣམ་དག་ངང་ནས་ཇོ་བོ་ལེ་ཞབས་ཕྱི་རྒྱུགས་མཁན། ངའི་མཛའ་རོགས་དིང་། ཇོ་བོའི་ཞབས་ཕྱི་ལེ་བློ་གཏད་བགྱིད་ཆོག་པ་ཐི་ཀེ་ཀུ་ཁོས་ཁྱེད་ཀྱ་ལེ་ཟེར་གྱི་དིག 22 ངས་ཁྱེད་ཀྱ་ལེ་ཉེད་ཀྱ་ཀྱི་གནས་ཚུལ་ཧ་གོ་རུ་འཇུག་རྒྱུ་དིང་། ཡང་ཁྱེད་ཀྱ་ལེ་སེམས་གསོ་གཏོང་རྒྱུ་དམིགས་ཡུལ་དེ་རང་གི་ཆེད་དུ། ངས་ཁོ་ཁྱེད་ཀྱ་འོད་ས་ལེ་རྫོང་གྱོ་འོད། 23 ཆོས་གྲོགས་སྤུན་ཟླ་ཁྱེད་ཀྱ་ལེ། ཡབ་དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་དད་པ་དིང་། ཞི་བདེ། བྱམས་པ་འཐོབ་པར་ཤོག 24 དེ་མ་ཟད། འུའི་ཇོ་བོ་སྐྱབས་མགོན་ཡེ་ཤུ་ལེ། དུས་མཐའ་མེད་མེད་བྱམས་དིང་བརྩི་བཀུར་བགྱིད་མཁན་ཡེ་རེ་ལེ། ཐུགས་རྗེ་གཟིགས་སྐྱོང་འཐོབ་པར་ཤོག ། ། ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.